[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="tags"]
[facetwp sort="true"]
  • རེབ་གོང་རོང་བོ་དགོན་གྱི་དགེ་འདུན་པ་འཇམས་དབྱངས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
    ཟླ་བ་ ༣ ཚེས ༡༤ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ། ད་ལྟ་རང་ལོ་ ༣༤… རྒྱས་པ་འདིར་གཟིགས་རོགས་གནང་།
  • མགོ་ལོག་པདྨ་རྫོང་དུ་རྒྱ་གཞུང་གིས་བོད་མི་དམར་གསོད་བཏང་འདུག
    ཟླ་བ་ ༣ ཚེས ༩ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༩ རེས་གཟའ་པ་སངས། ༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ཉིན་མགོ་ལོག་པདྨ་མ་རྫོང་གྱི་མཁར་ཡུལ་ཚོར་བོད་མི་ཞིག་རྒྱ་དམག་གིས་དམར་གསོད་བཏང་འདུག དེ་ཡང་གནས་ཚུལ་ཡོངས་ཁུངས་ནས་རྗོད་པ་ལྟར་ན། ཕྱི་ཟླ་ ༡ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པར་བུ་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༣ ཚེས ༦ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༦ རེས་གཟའ་མིག་དམར། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ ༢༠༡༢ ཟླ ༣ ཚེས… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྨ་ཆུ་རྫོང་དུ་སློབ་ཕྲུག་བུ་མོ་ཞིག་གིས་རང་ལུས་མེར་སྲེག་བཏང་བ།
    ཟླ་བ་ ༣ ཚེས ༥ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ། ༄༅། །འདི་གར་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣ ཡོལ་ཙམ་དུ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག ཁོ་མོ་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་བྲག་ཐོ་རུ་ཆེན་གྱི་བསོད་ནམས་ཡེ་ཤེས་ཚང་གི་ཡིན་ལ་རང་ལོ་ ༢༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པར་བུད་མེད་རིན་ཆེན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༣ ཚེས ༥ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ ༢༠༡༢ ཟླ ༣ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ ༣ ཚེས… རྒྱས་པ་འདིར་གཟིགས་རོགས་གནང་།
  • རང་ལུས་མེར་སྲེག་གཏོང་མཁན་རིག་འཛིན་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༣ ཚེས ༥ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ ༢༠༡༢ ཟླ ༣ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ ༢༠༡༢ ཟླ ༢ ཚེས… རྒྱས་པ་འདིར་གཟིགས་རོགས་གནང་།
  • བྲག་མགོ་རུ་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།
    ཟླ་བ་ ༣ ཚེས ༣ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ། ༄༅། །འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་གསར་ཏུ་ཤེས་རྟོགས་བྱུང་དོན་ལ་ད་སྐབས་བྲག་མགོ་རུ་རྒྱ་དམག་འབོར་ཆེན་འབྱོར་ནས་མང་ཚོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁ་སྔོན་ཞི་རྒོལ་ནང་དུ་ཡོད་པ་རྣམས་འཛིན་བཟུང་བྱེད་མུས་ཡིན་འདུག དེང་སང་བོད་མི་རྣམས་གང་བྱུང་འགྲོ་འོང་མི་ཆོག་པ་དང་། བྲག་མགོའི་རྫོང་གི་གཡས་གཡོན་དང་གཞུང་ལམ་གང་ས་ནས་དམག་གིས་བོད་མི་ལ་རྡུང་རྡེག་དང་། གང་བྱུང་འཛིན་བཟུང་བྱེད་པའི་བྱ་སྤྱོད་ངན་པ་སྤེལ་མུས་སུ་གནས་ཡོད་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨ་མདོ་བསངས་ཆུ་རྫོང་ཁུལ་དང༌མཚོ་བྱང་ཚ་འདམ་ཆེ་བ་ས་ཁུལ་དུ་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་ལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ།
    ཟླ་བ་ ༣ ཚེས ༣ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ། ༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གར་དུ་གནས་མཇལ་དང་དུས་འཁོར་དབང་ཆེན་ཞུས་ཏེ་རང་ཡུལ་བོད་དུ་ཕྱིར་ལོག་བྱེད་མཁན་རྣམས་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་མགྲོན་ཁང་དང༌།  སློབ་གྲྭ་སོགས་ས་གནས་འདྲ་མིན་དུ་བཀག་ཉར་གྱིས་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་མུས་ཡིན་པ་ལྟར། ཉེ་དུས་ཨ་མདོ་བསང་ཆུ་རྫོང་ཁོངས་དང༌མཚོ་བྱང་ཚ་འདམ་ཆེ་བ་ས་ཁུལ་གཞུང་འབྲེལ་ཐོག་ཞིབ་བཤེར་ནན་པོ་བྱ་རྒྱུའི་ཚོགས་ཆུང་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ལོ་ ༢༠༡༢… རྒྱས་པ་འདིར་གཟིགས་རོགས་གནང་།
  • བྲག་མགོའི་འབྲོག་སར་རྒྱལ་གཅེས་དཔའ་བོ་ཁག་གཅིག་དམར་གསོད་དང་བཙོན་འཇུག་བྱས་པ།
    ཟླ་བ་ ༣ ཚེས ༣ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ། ༄༅། །འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་བྲག་མགོའི་འབྲོག་སར་རྒྱལ་གཅེས་དཔའ་བོ་ཡེ་ཤེས་རིག་གསལ་དང། ཡེ་ཤེས་བསམ་འགྲུབ། ཡོན་ཏན་བཟང་པོ་སོགས་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བ།  ཕྱི་ལོ་ ༢༠༡༢།༢།༩… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱལ་གཅེས་པ་དམ་པ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་ལག་ལེན་བསྟར་རྒྱུའི་དམ་བཅའ་འཇོག་བཞིན་ཡོད་འདུག
    ཟླ་བ་ ༣ ཚེས ༣ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ། ༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་མདོ་སྨད་ཛམ་ཐང་ནས་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ཁོང་གིས་བོད་ཆོལ་ཁ་གསུམ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ངེས་པར་དུ་ཆིག་སྒྲིལ་བྱེད་རོགས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ལྷ་རྩེ་དང་ངམ་རིང་རྫོང་གི་དགོན་ཁག་ཏུ་ལས་དོན་རུ་ཁག་ལ་དགེ་འདུན་པས་ངོ་རྒོལ་བྱས་པ།
    ཟླ་བ་ ༢ ཚེས ༢༡ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༢ ཚེས་ ༢༡ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གཞིས་རྩེ་ས་ཁུལ་ཁོངས་ངམ་རིང་རྫོང་ཁོངས་བསྟར་རྒྱུད་ཤང་ཁོངས་སུ་ཡོད་པའི་ལྷོ་ལྡིང་དགོན་པ་དང༌། དགོན་པའི་ཉེ་འདབས་ཀྱི་མདོག་གཞུང་ས་གནས་ཀྱི་གྲོང་གསེབ་ཡོངས་ལ་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་ལས་དོན་རུ་ཁག་ཟེར་བས་བོད་ཀྱི་ལོ་གསར་རིང་རྒྱ་གཞུང་གི་དར་དམར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་བར། ལྷོ་ལྡིང་དགོན་པའི་དགེ་འདུན་པ་ཚོས་དགོན་པ་ནི་ནང་ཆོས་སློབ་གཉེར་བྱེད་ཡུལ་གྱི་བསྟི་གནས་ཤིག་ཡིན་པ་མ་གཏོགས་ཆབ་སྲིད་སློབ་གསོ་སྤྲོད་ཡུལ་དང་བྱེད་སྒོ་སྤེལ་ཡུལ་མིན་པས་དགོན་པའི་ཐོག་སྟེང་དུ་དར་དམར་སྒྲེང་འཛུགས་བྱས་ན་མོས་མཐུན་རྩ་བ་ནས་མེད་པ་དང༌། གལ་སྲིད་ངེས་པར་དུ་འཛུགས་དགོས་ན་ཆོས་དར་འཁྱེར་ཤོག་ཅེས་སོགས་བརྗོད་དེ་རྒྱ་ནག་གཞུང་གི་དར་དམར་དགོན་པའི་ཐོག་སྟེང་དུ་འཛུགས་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་རྐྱེན་དགེ་འདུན་པ་ལྔ་འཕྲལ་མར་འཛིན་བཟུང་བྱས་ཏེ་དགོན་པར་དར་དམར་བཙུགས་རྒྱུ་སོགས་བཙན་ཤུགས་ཀྱིས་ལག་བསྟར་མུ་མཐུད་བྱེད་མུས་ཡིན་འདུག དེ་མིན་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ལྷ་རྩེ་ཆོས་སྡེ་ལྷ་རྩེ་དགའ་ལྡན་འོག་མིན་གླིང་དུ་སྔ་ལོའི་ལོ་མཇུག་ནས་ལས་དོན་ཚོགས་ཆུང་འཕར་མ་བཏང་སྟེ་ཁོང་ཚོས་གནས་སྐབས་སམ་ལོ་གསུམ་བསྡད་དེ་བསམ་བློའི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང༌། ཉེ་དུས་སླར་ཡང་ལས་དོན་ཚོགས་ཆུང་དགོན་པར་གཏན་སྡོད་བྱ་རྒྱུའི་ཆེད་སྡོད་ཁང་གསར་རྒྱག་བྱེད་འཆར་ཡོད་པར་དགོན་པ་དེའི་དགེ་འདུན་པ་ཚོས་དགོན་པ་ནི་དགེ་འདུན་པ་སློབ་གཉེར་བྱ་ཡུལ་གྱི་གནས་ཡིན་པ་ལས་མི་སྐྱ་གཏན་སྡོད་བྱ་ཡུལ་གྱི་གནས་མ་རེད་ཅེས་ལས་དོན་རུ་ཁག་དགོན་པར་གཏན་སྡོད་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་རྐྱེན་ད་ལྟ་དགོན་པར་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། ། རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
    ཟླ་བ་ ༢ ཚེས ༢༠ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ། ༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་ གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་རྔ་པའི་ཁུལ་དུ་བོད་མི་རྣམས་ཀྱིས་ལས་འགུལ་སྤེལ་བ།
    ཟླ་བ་ ༡ ཚེས ༢༧ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས། ༄༅། །འདི་གར་བཞུགགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་འཛུ་སྨད་ན་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་ཆིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་ས་ཁྱོན་ཡོངས་སུ་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་པ།
    ཟླ་བ་ ༡ ཚེས ༢༥ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ། ༄༅།  །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་སྡེ་དགེ་རྫོགས་ཆེན་དུ་དེ་རིང་་བོད་དོན་སྐོར་སྦྱར་ཡིག་གཏོར་འགྲེམས་བྱས་པའི་གནས་ཚུལ་ཐོན་འདུག་པ་དང༌།  སྦྱར་ཡིག་ནང་དོན་དུ་རང་ལུས་མེར་སྲེག་གཏོང་བཞིན་པའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེ་བྱེད་དགོས་པ་དང༌།  ལོ་གསར་གཏོང་རྒྱུ་མེད་པ་སོགས་ཀྱི་སྐོར་འཁོད་ཡོད་འདུག་ཅིང༌།  ད་ལྟའི་ཆར་ས་གནས་སུ་དམ་བསྒྲགས་ཆེན་པོ་བྱས་དང་བྱེད་མུས་ཡིན་འདུག་པ་དང༌། དེ་བཞིན་སྐྱེ་རྒུ་མདོ་ཁུལ་དུའང་ལོ་གསར་གཏོང་རྒྱུ་མེད་པ་སོགས་ཀྱི་སྦྱར་ཡིག་སྦྱར་འགྲེམས་བྱེད་བཞིན་པའི་གནས་ཚུལ་ཐོན་ཏེ་ས་གནས་སུ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག་པ་དང༌། ལྷ་ས་གྲོང་ཁྱེར་ཁུལ་དུ་ཉིན་ཤས་ནང་དམ་བསྒྲགས་བྱ་ཤུགས་ཆེ་རུ་ཕྱིན་ཏེ་སྲང་ལམ་ཁག་ཏུ་སྒྲིག་ཆས་གྱོན་པ་དང་མི་གྱོན་པའི་དྲག་ཆས་དམག་མི་ཁྱོན་ཆེ་འགྲེམས་འཇོག་བྱས་ཡོད་པ་མ་ཟད།  འགྲུལ་བཞུད་བྱེད་མཁན་རྣམས་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད།  དམིགས་བསལ་དགེ་འདུན་པའི་རིགས་ལ་དམ་བསྒྲགས་ཀྱིས་གང་བྱུང་འགྲོ་བསྐྱོད་མི་ཆོག་པར་གྲྭ་ཆས་གྱོན་པའི་རིགས་མཐོང་མ་ཐག་དྲག་ཆས་དམག་མི་སོགས་ནས་གནད་དོན་གང་ཡིན་གསལ་བཤད་མ་བྱས་པར་ལམ་སེང་འཛིན་བཟུང་གིས་འདྲི་བརྩད་ནན་མོ་བྱས་ཏེ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།། གསེར་རྟ་རྫོང་ཐོག་ཏུ་་༢༠༡༢།༡།༢༣་ཉིན་དགོང་དྲོ་སྦྱར་འགྲེམས་བྱས་པའི་སྦྱར་ཡིག་ངོ་བཤུས། ནང་དོན་གཙོ་བོར།་་་་་ང་ནི་མི་ཞིག་ཡིན། ངའི་ཐོབ་ཐང་ལ་སུས་ཀྱང་རྡོག་བརྫིས་བྱེད་མི་ཆོག… རྒྱས་པ་འདིར་གཟིགས་རོགས་གནང་།
  • གསེར་རྟ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བར་རྒྱ་མིས་མེ་མདའ་བརྒྱབ་སྟེ་བོད་མི་ཤི་རྨས་བྱུང་འདུག
    ཟླ་བ་ ༡ ཚེས ༢༤ ༢༠༡༢
     •  Published By b
     
    ༢༠༡༢ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། འདི་ཟླའི་ཕྱི་ཚེས་ ༢༣།༢༤ ཉིན་བོད་ཀྱི་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག འོན་ཀྱང་ཕྱི་ཚེས་  ༢༤ ཉིན་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་དམག་མི་དང་ཉེན་རྟོག་པ་བཏང་སྟེ་དྲག་གནོན་བྱེད་བཞིན་ཡོད་པ་དང་། མི་གཉིས་ལ་མེ་མདའ་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།