བཙན་བྱོལ་བོད་མིའི་སྤྱི་ཚོགས།
མི་འབོར།
རོབ་རྩིས་ལྟར་མི་གྲངས་ ༡༢༨༠༡༤ ཡོད། དེ་ཡང་རྒྱ་གར་དུ་བོད་མི་ ༩༤༢༠༣ དང་། བལ་ཡུལ་དུ་ ༡༣༥༡༤ འབྲུག་ཏུ་ ༡༢༩༨ དང་རྒྱལ་ཁབ་གཞན་ཁག་ལ་ ༡༨༩༩༩ བཅས་ཡོད། གྲངས་ཐོ་འདི་བཞིན་བོད་མིའི་སྒྲིག་འཛུགས་འཆར་འགོད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༠ ལོའི་མི་འབོར་ཞིབ་བཤེར་ལ་གཞི་བཅོལ་བྱས་པ་ཡིན།
རྩ་ཁྲིམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ།
ཁྲིམས་ལུགས་དབང་འཛིན།
བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་།
ཁྲིམས་བཟོ་ལྷན་ཚོགས།
མི་མང་གི་འཐུས་མི་ ༤༥ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས།
འཛིན་སྐྱོང་གི་འགན་འཛིན།
བཀའ་ཤག་ནི་འཛིན་སྐྱོང་སྡེ་ཚན་གྱི་སྤྱི་ཁྱབ་ལས་ཁུངས་མཐོ་ཤོས་དེ་ཡིན། དེའི་སྟངས་འཛིན་འོག་བཀའ་བློན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས་དང་། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཡིན།
སྐུ་ཚབ་དོན་གཅོད།
ལྡི་ལི་དང་། ཨ་རི། སུད་སི། ཉི་འོང་། ཨིན་ཡུལ། ཨོ་སི་ཊོ་ལི་ཡ། རུ་སོག ལྷོ་ཨ་ཕི་རི་ཀ ཐའེ་ཝན། སྦེལ་ཇམ། ལྷ་ཨ་རི། ཕ་རན་སི། བལ་ཡུལ་བཅས།
མི་མང་གི་འཚོ་རྟེན།
སོ་ནམ་ཞིང་ལས་དང་། བཟོ་ཞིང་མཉམ་འབྲེལ་ལས་རིགས། རུམ་འཐག ཕྱི་ཚོང་། ཞབས་ཞུའི་ལས་རིགས། སུད་ཚོང་བཅས།