༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༡༽ ཆབ་སྲིད་ཀྱི་རྒྱབ་སྐྱོར། དམིགས་ཡུལ་བོད་ཀྱི་གནད་དོན་སྒྲུབ་བྱེད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་དབར་གྱི་འབྲེལ་ལམ་ཚགས་ཚུད་དང་ཡར་རྒྱས་གཏོང་རྒྱུའི་སྦྱོང་བརྡར་དང་མཐུན་འགྱུར་རོགས་རམ་བྱས་ཏེ་བོད་ཀྱི་གནད་དོན་དེ་དབུས་གཞུང་ནས་ས་གནས་བར་ཁྱབ་སྤེལ་གཏོང་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པས་མ་འོངས་པར་ཕན་ཚུན་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་སེམས་ཤུགས་སྤར་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་ལམ་ཚོགས་པར་འབྲེལ་བ་བྱ་རྒྱུ་ཙམ་མ་ཟད། བཙན་བྱོལ་བོད་མི་མང་གི་གྲོས་ཚོགས་འཐུས་མི་དང་སྲི་ཞུ་བ་རྣམས་དེའི་ནང་མཉམ་ཞུགས་ཞུ་ཐབས། ད་ལྟ་ཡོད་བཞིན་པའི་གཞུང་ནང་བོད་དོན་ཆེད་ལས་འགུལ་སྤེལ་མཁན་རྣམས་དང་འབྲེལ་བ་དམ་གཟབ་ཡོང་ཐབས་ཞུ་རྒྱུ།
༢༽དམིགས་ཡུལ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ནང་གི་བོད་མིའི་མངོན་འདོད་བཞིན་༸གོང་ས་མཆོག་བོད་དུ་༸ཞབས་སོར་འཁོད་ཆེད་རྒྱབ་སྐྱོར་ཞུ་རྒྱུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་སེལ་ཐབས་མཛད་བཞིན་པར་བཟང་ཕྱོགས་ཀྱི་ལམ་ནས་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཡིད་ཆེས་བརྟན་པོ་ཡོད། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་དང་འགྲོ་སྐྱོད་རང་དབང་། འདུ་འཛོམས་རང་དབང་། ཆོས་ལུགས་རང་དབང། སྨྲ་བརྗོད་རང་དབང་བཅས་གཞིར་རྩར་བཟུང་ཐོག་༸གོང་ས་མཆོག་བོད་དུ་ཆིབས་སྒྱུར་བསྐྱང་ཆེད་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ།
༣༽འགྲོ་བ་མིའི་ཐོབ་ཐང། དམིགས་ཡུལ། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་ཆག་གཏོང་བའི་ཐབས་ལམ་དེ་ཁ་ཕྱོགས་བསྒྱུར་ཆེད་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ལམ་འདྲ་མིན་འཚོལ་ཐབས་དང་། དེ་བཞིན་ལས་འགུལ་གྱི་ཐབས་ལམ་གསར་གཏོད་དང་སྲ་བརྟན་ཆེད་འཛམ་གླིང་ནང་གི་གནད་ཡོད་མི་སྣར་འབྲེལ་བ་བྱས་ཏེ་ལས་འགུལ་སྤེལ་རྒྱུ། ལས་འགུལ་དེ་བརྒྱུད་བོད་ནང་གི་བོད་པ་ཚོས་སོ་སོའི་སྐད་ཡིག་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་ག་ཚོག་ཡོད་མེད་དེ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པ་རྣམས་བོད་ནང་གི་བོད་མིར་བརྡ་ལན་སྤྲོད་ཐབས།
༤༽བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་རྣམས་རྒྱལ་སྤྱིའི་མི་མང་ནང་ལ་གསལ་སྟོན་གྱིས་ལས་འགུལ་སྤེལ་ཐབས། ལས་འགུལ་དེའི་ཆ་ཤས་ཙམ་དུ་ཚོས་གཞི་དཀར་པོའི་ཐོག་བོད་ཅེས་བྲིས་ཡོད་པའི་དཔུང་རྟགས་དེ་རེས་གཟའ་ལྷག་པ་ནམ་ཡིན་ལ་འདོགས་རྒྱུ་མ་ཟད། མི་གཞན་ལ་འདོགས་དགོས་པའི་འབོད་སྐུལ་བྱ་རྒྱུ། དཔུང་རྟགས་དེ་འདོགས་མཁན་དེ་དག་བོད་པའི་མགྲིན་ཚབ་གཅིག་ཆགས་ཀྱི་ཡོད། ལས་འགུལ་དེ་ཁྱབ་སྤེལ་ཡོང་ཆེད་ཐབས་ལམ་འདྲ་མིན་བེད་སྤྱོད་བྱེད་རྒྱུ་དེའི་ནང་ཚན་ནས་ ༢༠༡༡ ལོར་ཝ་ཤིན་ཊོན་ཌེ་སིའི་ནང་དུས་འཁོར་དབང་ཆེན་སྐབས་ཁྱབ་སྤེལ་གཏོང་རྒྱུ་ཡིན།
༥༽ ཁོར་ཡུག་དང་འཛུགས་སྐྲུན། དམིགས་ཡུལ། ནུས་པ་ཡོད་པའི་ཚོགས་པ་འདྲ་མིན་དང་ལྷན་མཉམ་འབྲེལ་ལམ་བཟོ་རྒྱུ་དང་། རྫ་ཆུའི་ཐོག་རྒྱ་གཞུང་གིས་ཆུ་རགས་རྒྱག་རྒྱུའི་ལས་གཞི་དེ་དག་མི་མང་ནང་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་ས་གནས་དང་གྲོང་གསེབ་ཀྱི་མི་རྣམས་ལ་འབྲེལ་བ་བྱས་ཏེ་ཆུ་རགས་རྒྱག་རྒྱུ་དེ་དག་འགོག་ཐབས་བྱ་རྒྱུ། རྒྱ་གཞུང་ནས་བོད་ཀྱི་རྒྱུགས་ཆུ་ཐོག་ཆུ་རགས་རྒྱག་རྒྱུའི་ཐག་གཅོད་པ་དེས་རྒྱ་ནག་རྒྱལ་ཁབ་དང་། དེ་བཞིན་རྒྱལ་ཁབ་གཞན་ལའང་གནོད་སྐྱོན་ག་ཚོད་ཕོག་གི་ཡོད་མེད་ཀྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ། ལས་འགུལ་དེ་གཞི་རྟེན་ཡག་པོ་ཆགས་རྗེས་བོད་ནང་གི་རྒྱུགས་ཆུ་གཞན་དག་ཐོག་ལའང་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ།
༦༽རྒྱ་རིགས་ལ་འབྲེལ་མཐུད། དམིགས་ཡུལ། མི་སྒེར་གྱི་ལོ་རྒྱུས་དང་ཉམས་མྱོང་སྤེལ་རེ་བྱས་པ་བརྒྱུད་རྒྱ་རིགས་དང་བོད་རིགས་དབར་གྱི་གོ་རྟོགས། དེ་བཞིན་མི་སྒེར་གྱི་ལོ་རྒྱུས་དང་ཉམས་མྱོང་སྤེལ་རྒྱུའི་བརྒྱུད་ལམ་སྒོ་འབྱེད་ཞུ་ཐབས། བོད་རིགས་དང་རྒྱ་རིགས་གཉིས་ཀྱི་ཐུན་མོང་སེམས་ཁྲལ་བྱེད་ཡུལ་གྱི་གནད་དོན་ཁོར་ཡུག་དང་སྨྲ་བརྗོད་རང་དབང། ཆོས་ལུགས་རང་དབང་སོགས་དང་། ཕྱོགས་མཚུངས་མི་དང་མི་དབར་གྱི་འབྲེལ་ལམ་མུ་མཐུད་གནས་ཆེད་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོ། དེ་བཞིན་ཀམ་པུ་ཊར་སོགས་བརྒྱུད་ནས་འབྲེལ་ལམ་བཟོ་ཐབས་བྱ་རྒྱུ་ཡིན་པ་བཅས་སོ། །
གོང་གསལ་རྣམས་དབྱིན་ཡིག་ཐོག་ཡོད་པ་ནས་བོད་བསྒྱུར་ཞུས་ཏེ་བཀོད་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ལག་བསྟར་འཆར་གཞི།
གསར་གནས།
འབྲེལ་གནས།