ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༥ ནས་ཚེས་ ༢༧ བར་ཉིན་གྲངས་གཉིས་རིང་ལྡི་ལི་ཧནྶ་རཱཇ་མཐོ་སློབ་ Hansraj University དབུ་བརྙེས་ནས་ལོ་ངོ་ ༧༠ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་མ་ཟད། མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༧༠ ཧྲིལ་པོ་འཁོར་བའི་དུས་སྟོན་དང་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་རྒྱུ་ཡིན་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༥ ཕྱེད་ཡོལ་ཆུ་ཚོད་ ༥ རྡ་ས་ག་གྷལ་གནམ་ཐང་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༦ སྔ་དྲོ་ལྡི་ལི་ཧནྶ་རཱཇ་མཐོ་སློབ་ཀྱི་དུས་སྟོན་མཛད་སྒོར་མཉམ་ཞུགས་གནང་རྗེས། དེ་ཉིན་ཉིན་རྒྱབ་ནས་ཕྱི་ཚེས་ ༢༧ སྔ་དྲོ་བར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བསྟུན། ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ལྡི་ལི་ནས་རྡ་ས་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།