༢༠༡༧ ཟླ་ ༦ ཚེས་ ༢༨ རེས་གཟའ་ལྷག་པ།

སྐབས་དེར་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་དང་། གྲོས་ཚོགས་འཐུས་མི་ཇིམ་སེན་སེན་བྷེ་ནར་ Jim Sensenbrenner མཆོག གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ Jim McGovern མཆོག གྲོས་ཚོགས་འཐུས་མི་རོ་སི་ལེ་ཊི་ནེན་ Ros Lehtinen མཆོག་བཅས་དང་། གཞན་ཡང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེཐིའུ་མེ་ཁ་ཅི་ Matteo Mecacci ལགས། གྲོས་ཚོགས་ཀྱི་སྤྱི་དམངས་དང་མང་གཙོ་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་བཅུ་གཉིས་ཙམ་དང་སྐུ་མགྲོན་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བས་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོ་གོ་སྒྲིག་ཞུ་མཁན་ཨ་རི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཡིན་འདུག