ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ནས་ཚེས་ ༢༣ བར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་ཁྱབ་ཁོངས་བྱང་ཐང་ས་ཁག་དགུ་བཅས་སུ་འཚམས་གཟིགས་ཕེབས་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༤ ཉིན་ལ་དྭགས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ནས་ ༢༠ བར་བྱང་ཐང་ས་ཁག་དགུ་བཅས་པར་འཚམས་གཟིགས་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༡ ནས་ ༢༢ བར་ལ་དྭགས་བསོད་ནམས་གླིང་ཁྱབ་ཁོངས་དགོན་སྡེ་ཁག་དང་སློབ་གྲྭར་གཟིགས་སྐོར་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་པ་བཅས།།
འཕྲོད་བསྟེན་བཀའ་བློན་མཆོག་འཚམས་གཟིགས་ཕེབས་གཏན་འཁེལ་བ།
གསར་གནས།

འབྲེལ་གནས།
