༢༠༡༧ ཟླ་ ༥ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་
དེ་ཡང་ཐོག་མར་སྦར་སིལ་སྐུ་
དེ་རྗེས་ལྕམ་གྱོན་ཇི་ལྦར་ཕོར་རོ་ Gyongyver Forro ལགས་ཀྱིས་གསུང་བཤད་གནང་དོན། ང་ཚོ་འདིར་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་སོགས་དང་མཇལ་འཕྲད་བྱུང་བ་མ་ཟད། བོད་མི་སེར་སྐྱ་རྒན་གཞོན་འདྲ་མིན་དང་ཐུག་རྒྱུ་བྱུང་། ང་ཚོས་བོད་མིའི་སློབ་གྲྭ་དང་དགོན་སྡེ་ཁག་སོགས་ནང་བསྐྱོད་ནས་དངོས་ཡོད་བོད་མིའི་གནས་སྟངས་རྒྱུས་ལོན་ཡག་པོ་བྱུང་། བོད་མི་རིགས་ནི་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་ཡང་བོད་མི་རྣམས་ནི་སྤྱོད་ལམ་ཞི་དུལ་བག་ཡོད་ཅན་ཡིན་སྟབས་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་དེར་ངས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།
ཕྱི་ལོ་ ༡༩༥༩ ལོར་ཁྱེད་རྣམས་འདིར་བཙན་བྱོལ་དུ་ཕེབས་ནས་རང་གི་ཐུན་མིན་རིག་གནས་དེ་དག་བདག་པོ་བརྒྱབ་པ་ཙམ་མིན་པར་རིག་གནས་དེ་དག་ཐོག་སྦྱང་བརྩོན་གནང་ནས་ད་དུང་ཕྱུག་ཏུ་གཏོང་ཐབས་གནང་བཞིན་ཡོད། འདི་ནི་ངོ་མཚར་ལྡན་པ་ཞིག་རེད། རིག་གནས་དེ་དག་ལམ་སྲོལ་ཙམ་མ་རེད། གསར་གཏོད་རང་བཞིན་ལྡན་པའི་ཤེས་ཡོན་གྱི་གོང་བུ་ཞིག་ཡིན། དེང་སྐབས་རིག་གནས་དེ་དག་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་ཁྱེད་རྣམ་པས་མཁྱེན་གསལ་རེད། ཕྱོགས་མཚུངས་ཁྱེད་ཚོས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་རྒྱུན་སྐྱོང་གནང་བཞིན་པ་དེར་ངས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་བོད་མིའི་འཐབ་རྩོད་འདི་ལས་སླ་པོ་ཞིག་མིན། དེ་བས་གལ་ཆེ་བ་ནི་དཀའ་ངལ་འདི་འདྲ་ཞིག་འོག་ནས་ཁྱེད་ཚོས་སེམས་ཀྱི་ཞི་བདེ་མ་འཁྲུག་པར་འཚེ་བ་མེད་པའི་ལམ་ནས་འཐབ་རྩོད་གནང་བཞིན་པ་འདི་རེད།
ང་རང་ལ་མཚོན་ན་གྲངས་ཉུང་མི་རིགས་ཤིག་ཡིན། ངའི་ལུང་པ་ཧང་གེ་རི་ Hungary ཡིན། ངའི་སྐྱེས་ཡུལ་རོམ་མེ་ནི་ཡ་ Romania རེད། རྒྱབ་ལྗོངས་ཀྱི་གནས་སྟངས་འདིའི་འོག་ནས་ངས་ཁྱེད་ཚོའི་འཐབ་རྩོད་ལ་བསམ་ཤེས་ཐུབ་བཞིན་འདུག འོན་ཀྱང་ཁྱེད་ཚོ་དང་བསྡུར་ཐབས་མེད། ང་ཚོས་ཀྱང་རང་གི་ཐུན་མིན་རིག་གནས་དང་སྐད་ཡིག་སོགས་སྲུང་སྐྱོབ་ཆེད་འཐབ་རྩོད་བྱེད་བཞིན་ཡོད། ཁྱེད་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་པ་ནི་རྣམ་དཔྱོད་ལྡན་པ་ཞིག་རེད།
ང་འདིར་འབྱོར་ནས་ཁྱེད་རྣམ་པའི་གནས་སྟངས་དང་འཐབ་རྩོད་གནང་བཞིན་པ་མཐོང་སྐབས་འཚེར་སྣང་བྱུང་། གང་ཡིན་བརྗོད་ན་ཁྱེད་རྣམ་པ་རི་བོ་ཧི་མ་ལ་ཡ་བརྒྱབ་ནས་བྲོས་བྱོལ་དུ་མ་ཕེབས་གོང་ང་ཚོས་བོད་མིའི་འཐབ་རྩོད་ལ་རོགས་རམ་གང་ཡང་བྱེད་མ་ཐུབ་པ་རེད། འོན་ཀྱང་ངས་འབྱུང་འགྱུར་བོད་དོན་ལ་རང་ནུས་གང་ཡོད་ཐོག་རོགས་རམ་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཞུས་ཆོག དེར་བརྟེན་ང་ཚོས་བོད་དོན་ཐོག་མུ་མཐུད་རང་ནུས་གང་ཡོད་ཐོག་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ད་ནས་བཟུང་ངས་འབྲེལ་ཡོད་སུ་འདྲ་ཞིག་དང་ཐུག་ཀྱང་བོད་མིའི་འཐབ་རྩོད་སྐོར་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་ལྕམ་ཧེ་རི་ཌི་ཁེ་ལེ་ཌོ
དེ་རྗེས་སྐུ་ཞབས་ཕ་རན་སི་སི་ཀོ་བྱོ་ཇི་ Francesco Giorgi ལགས་བཅས་ཀྱིས་གསུང་དོན། ཡུ་རོབ་མཐུན་ཚོགས་དང་བོད་གཉིས་དབར་འདྲ་ཆོས་མང་པོ་ཡོད། གཅིག་ནི་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གཉིས་ཀར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད། རྒྱབ་ལྗོངས་ཀྱི་གནས་སྟངས་འདི་ལྟ་བུའི་འོག་ནས་ང་ཚོ་འདིར་ནང་ཚགས་ཀྱི་འདུ་ཤེས་ཐོག་ནས་སྡོད་རྒྱུ་བྱུང་། འདི་ནས་ང་ཚོས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་བ་དེ་དག་ཕྱིར་རང་ཡུལ་དུ་འབྱོར་རྗེས་གཞན་ལ་འགྲེལ་བརྗོད་བྱ་རྒྱུ་ཡིན། ཐེངས་འདིར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་སྐོར་ཤེས་རྟོགས་བྱུང་སྐབས་ང་རང་ངོ་མཚར་སྐྱེས་བྱུང་། ང་ཚོས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་གསུངས།
དེ་རྗེས་ལྕམ་དྷ་ལི་ན་བྷར་ནར་ཌི་ Dalina Bernard ལགས་ཀྱིས་གསུང་བཤད་གནང་དོན། འདིར་ཁྱེད་རྣམ་པས་ཆོད་སེམས་བརྟན་པོའི་ཐོག་ནས་བོད་དོན་འཐབ་རྩོད་གནང་བཞིན་པ་མཐོང་ཐུབ་བྱུང་། ཁྱེད་ཚོས་བོད་མི་བཙན་བྱོལ་བའི་གནས་སྟངས་ཙམ་མ་ཟད། གཞིས་ལུས་བོད་མི་ཚོ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཇི་འདྲ་ཞིག་འོག་གནས་བཞིན་ཡོད་པ་དང་ཁོང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་འདུག ང་ཚོས་གྲོས་ཚོགས་སུ་བགྲོ་གླེང་དང་ཉན་ཞིབ། དེ་བཞིན་དྲི་བ་དྲིས་ལན་གྱི་དུས་སྐབས་སོགས་གོ་སྐབས་ནམ་བྱུང་སྐབས་བོད་དོན་གླེང་སློང་ཡོང་ཐབས་བྱེད་བཞིན་ཡོད། ང་ཚོ་འདིར་ཡོང་ནས་དངོས་སུ་བོད་མིའི་གནས་སྟངས་དང་འཐབ་རྩོད་ཀྱི་རྣམ་པ་མཐོང་ཐུབ་པ་དེས་འབྱུང་འགྱུར་གྲོས་ཚོགས་ནང་བོད་དོན་ལས་འགུལ་སྤེལ་རྒྱུར་ཧ་ཅང་ཕན་ཐོགས་ཡོང་ཐུབ། ཅེས་སོགས་གསུངས།།