ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་མུན་ཇེ་ཨིན་ Moon Jae-in མཆོག་ཀོ་རི་ཡའི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འཕྲིན་སྩལ་བའི་ནང་འཁོད་དོན། དེང་སྐབས་འཛམ་གླིང་གི་གནས་སྟངས་ནི་དཀའ་ངལ་ཅན་དུ་གྱུར་ཡོད། ས་གནས་མང་པོ་ཞིག་ལ་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་ཡོད་པའི་སྐབས་འདིར་ཀོ་རི་ཡའི་མང་གཙོའི་ལམ་སྲོལ་ནི་འཛམ་གླིང་ཡོངས་ལ་སྙིང་སྟོབས་ཀྱི་རེ་བ་ལྟ་བུ་ཆགས་ཡོད།
ད་ལྟའི་དུས་སྐབས་འདི་སྔར་དང་མི་འདྲ་བར་ཞི་བདེ་འདོད་མཁན་རྣམས་མཉམ་རུབ་བྱེད་རྒྱུའི་དུས་ལ་བབ་ཡོད། དེ་བཞིན་ཕན་ཚུན་བསམ་ཤེས་དང་གུས་བརྩི། གཉིས་ཕན་ཡོང་སླད་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ནི་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན།
མཐར་མགོན་པོ་གང་ཉིད་མཆོག་གིས་འོས་འདེམས་བྱུང་བའི་ཀོ་རི་ཡའི་སྲིད་འཛིན་མཆོག་ལ་མ་འོངས་ལས་དོན་མཐའ་དག་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་བཅས།།
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽