༢༠༡༧ ཟླ་ ༤ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ནས་ ༡༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལུ་དྷི་ཡ་ནར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་རྡ་ས་ནས་ལུ་དྷི་ཡ་ན་ས་གནས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་མགོན་དུ་ཕེབས་རྗེས་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཙམ་ལ་ལུ་དྷི་ཡ་ན་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས། །