༄༅། བལ་ཡུལ་ཁུལ་རང་གཞུང་གི་སྡེ་ཚན་ཁག་གི་ཆེད་གཤམ་གསལ་ལས་བྱེད་ཁ་བསྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ལྟར་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་བལ་ཡུལ་དུ་གནས་སྡོད་ཐུབ་མཁན་ནས་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
འགན་འཛིན་གཞུང་ཞབས་སྡེ་ཚན་ཁོངས་དྲུང་གཞོན་ ༡ དང་། དྲུང་ལས་ ༡ ལས་བྱའི་སྡེ་ཚན་ཁོངས་སྡེ་འགན་ ༡ ལས་དོ་ ༢ གཞོན་དྲུང་ ༡ ལས་བྱ་ཡིག་གད་ ༢ བཅས་ཀྱི་ས་མིག་སྟོང་པ་བསྡོམས་གྲངས་ ༨ ཡོད།
དགོས་ངེས་ཆ་རྐྱེན།
༡༽ ཤེས་ཚད། དྲུང་གཞོན་དང་། དྲུང་ལས། སྡེ་འགན། ལས་དོ་བཅས་ཀྱི་གནས་རིམ་ཁག་བཞི་ལ་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ B.A/B.Com/B.Sc ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ་དང་། གཞོན་དྲུང་ལ་ཉུང་མཐར་འཛིན་རིམ་ ༡༢ ཐོན་པའི་ལག་འཁྱེར་ཚད་ལྡན་དང་། ལས་བྱ་ཡིག་གད་ལ་འཛིན་རིམ་བརྒྱད་པ་ཐོན་པ་དགོས།
༢༽ ལོ་ཚད། ༢༠༡༠།༡༡།༣༠ བར་དྲུང་གཞོན་དང་དྲུང་ལས་ལ་རང་ལོ་ ༣༥ དང་། སྡེ་འགན་དང་ལས་དོ་ལ་རང་ལོ་ ༤༠ གཞོན་དྲུང་ལ་རང་ལོ་ ༣༠ ལས་བྱ་ཡིད་གད་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མི་བརྒལ་བ་བཅས་དགོས་རྒྱུ།
༣༽ རྒྱུགས་གཞི། རྒྱུགས་བཞེས་ཨང་རིམ་བརྩལ་ཕྱོགས་གཏན་འབེབ་སྒྲིག་གསལ་ལྟར་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་ལེན་རྒྱུ།རྒྱུགས་བཞེས་ཀྱི་ལས་དོན་སྟབས་བདེ་དུས་ཐོག་མཇུག་བསྒྲིལ་ཐུབ་ཐབས་སུ་དྲུང་གཞོན་དང་། དྲུང་ལས། སྡེ་འགན། ལས་དོར་འཚང་སྙན་འབུལ་མཁན་རྣམས་སྡེ་ཚན་དང་པོ་དང་། གཞོན་དྲུང་ལ་སྙན་ཞུ་འབུལ་མི་རྣམས་སྡེ་ཚན་གཉིས་པ། ལས་བྱ་ཡིག་གད་ལ་སྙན་འབུལ་ཞུ་མཁན་རྣམས་སྡེ་ཚན་གསུམ་པ་བཅས་ཚོ་ཁག་གསུམ་ཆ་བགོས་ཞུས་ཡོད་དོན་འཚང་སྙན་འབུལ་མཁན་རྣམས་ནས་རང་རང་སོ་སོའི་འདོད་མོས་ཇི་བཞིན་གོང་གསལ་གནས་རིམ་སོ་སོའི་སྡེ་ཚན་གང་དགའ་གཅིག་ལས་མང་བར་འཚང་སྙན་འབུལ་མི་ཆོག སྡེ་ཚན་སོ་སོར་ཆ་རྐྱེན་ཚང་རིགས་ནས་འཚང་སྙན་འགེངས་ཤོག་ཟུར་ཡོད་(གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། རང་གཞུང་གི་དྲ་རྒྱ་ www.tibet.net བཅས་ནས་ཞུ་སྟོན་ཆོག་རྒྱུ།) འཚེམས་ལུས་མེད་པར་འཐུས་ཚང་བཀང་སྟེ།
(༡) རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང་།
(༢) ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་ངོ་བཤུས་། (Marksheet & Certificate)
(༣) འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
(༤) བལ་ཡུལ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་རམ་ཁྲིམས་མཐུན་ལག་འཁྱེར་གང་ཡོད་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
(༥) བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིནཔའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།
(༦) སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་ཁུངས་སྐྱེལ་ཆེད་སློབ་ཐོན་ལག་འཁྱེར་ནང་སྐྱེས་ཚེས་གསལ་བའི་ཡིག་ཆའི་ངོ་བཤུས་དགོས་རྒྱུ།
(༧)རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ། (Character Certificate)
(༨) གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་ཆན་ལས་དམ་ (Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༠ ཕྱི་ཟླ་ ༡༡ ཚེས་ ༣༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང་། ཁ་དཔར་ཨང་གྲངས། གློག་འཕྲིན་ (e-mail) ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་གཏོང་རྒྱུ་དང་ཡིག་རྒྱུགས་ལས་རིམ་བལ་ཡུལ་རང་དུ་གོ་བསྒྲིགས་ཞུ་ཐབས་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ ལ།།
The Secretary
Public Service Commission,
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Telefax: –01892-222328/226240
E-mail: [email protected]