༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༢ ཡོལ་ཙམ་ལ་ཨི་ཊ་ལི་ས་ཁུལ་ལྷོ་ཊེ་རོལ་གཙོ་འཛིན་འབུམ་རམས་པ་སྐུ་ཞབས་ཨར་ནོ་ཀོམ་པ་སི་ཆར་ Dr.Arno kompatscher མཆོག་དང་། འབུམ་རམས་པ་སྐུ་ཞབས་སྒུན་ཐར་ཀོ་ལོ་ཉ་ Dr. Gunther Cologna མཆོག དེ་བཞིན་ཚོགས་མི་ཁག་གཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་དཔལ་ལྷན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་མཇལ་འཕྲད་གནང་འདུག
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམ་པ་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲིའི་མཇལ་དར་དང་། ཕྱག་རྟགས་ཕུལ། དེ་ནས་ཡུད་ཙམ་རིང་ཁོང་རྣམ་པས་ཚོགས་གཞོན་མཆོག་ལ་བོད་མིའི་གནད་དོན་དང་འབྲེལ་བའི་དྲི་བར་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་ཞུས། མཇལ་འཕྲད་གྲུབ་མཚམས་ཚོགས་གཞོན་མཆོག་ནས་ཁོང་རྣམས་གྲོས་ཚོགས་ཚོགས་ཁང་དུ་གཟིགས་བསྐོར་སྣེ་ལེན་ཞུས་པ་དང་། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་འགྲེལ་བརྗོད་ཀྱང་གནང་ཡོད་པ་བཅས།།