༢༠༡༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུ།
༅༅། །འདི་གར་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འོས་བསྡུ་འགན་འཛིན་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་བཀའ་ཁྲི་སྐབས་ ༣ པའི་སྔོན་འགྲོའི་འོས་ཤོག་སྐབས་ཨོ་རི་ས་ཕུན་ཚོགས་གླིང་གི་བོད་མི་རྣམས་ནས་ཐུགས་ཁུར་ཆེན་པོས་འོས་ཤོག་འཕེན་ཡོད། ས་གནས་འོས་བསྡུ་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་འོས་བསྡུའི་བརྒྱུད་རིམ་རྟོག་ཞིབ་བྱེད་སྐབས་མི་མང་བརྒྱ་ཆ་ ༩༤་༣༩% ཙམ་ནས་འོས་ཤོག་འཕེན་པར་བསླེབས་ཡོད། དེ་བཞིན་གཞུང་འབྲེལ་ཐོ་འགོད་ཡིག་ཆར་དེབ་སྐྱེལ་བྱས་པའི་སུད་ཚོང་བ་དང་མཐོ་སློབ་ཁག་གི་སློབ་མ་བརྒྱ་ཆ་ ༢༠% ཙམ་ནས་ས་གནས་གཞན་དུ་འོས་ཤོག་འཕེན་ཡོད་སྐོར་གསུངས་ཡོད། ཨོ་རི་ས་ཕུན་ཚོགས་གླིང་དུ་བཀའ་ཁྲི་འོས་ཤོག་འཕེན་མཁན་མི་གྲངས་ ༡,༡༣༢ དང། སྤྱི་འཐུས་འོས་ཤོག་འཕེན་མཁན་མི་གྲངས་ ༡,༡༢༠ ཡོད་འདུག བཀའ་སྤྱིའི་འོས་ཤོག་དངོས་གཞི་དེ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་འཁེལ་ཡོད་པ་བཅས།།