༢༠༡༠ ཟླ་ ༡༠ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱིི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཚོུད་ ༤།༢༠ ཙམ་ལ་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། སྤྱི་འཐུས་སྐབས་ ༡༥ པ་དང་བཀའ་ཁྲི་སྐབས་ ༣ པའི་འོས་བསྡུའི་ལས་དོན་སྡེ་ཚན་གསུམ་དུ་གནང་རྒྱུ་ཀ་ཐ་མན་གྲུའི་རྫོང་དཔོན་དང་འབྲེལ་ཡོད་སྐོར་སྲུང་དཔོན་རིགས་ཁག་གིས་བཀའ་འཁྲོལ་ཐོག་སྔ་དྲོ་ ༨།༣༠ ནས་འོས་བསྡུ་འགོ་འཛུགས་ཞུས་ཏེ་འོས་བསྡུ་ཞི་བདེ་ཚགས་ཚུད་ངང་འགྲོ་བཞིན་ཡོད་ཀྱང་། ཉིན་རྒྱབ་ཚོུད་ ༤ ཙམ་ལ་སྐོར་སྲུང་བ་ ༢༠ ཙམ་འོས་བསྡུ་བྱ་ཡུལ་སྡེ་ཚན་འཕགས་ཤིང་སྐྱིད་གྲོངས་ཐུགས་རྗེ་ཆོས་གླིང་དུ་སླེབས་ཏེ་རྒྱལ་ས་དང་འཕགས་ཤིང་གི་འོས་སྒམ་ཆ་ཚང་བཙན་འཕྲོག་བྱས་འདུག་པ་དང་། དེ་རྗེས་སྐར་མ་ཁ་ཤས་ནང་མཆོད་འཇོར་དུ་འོས་བསྡུ་འགྲོ་བཞིན་པའི་སྐབས་སྐོར་སྲུང་བ་ ༣༠ ནས་ ༤༠ ཙམ་གློ་བུར་དུ་སླེབས་ཏེ་འོས་སྒམ་ ༡༥ ནས་ཁག་གཅིག་བཙན་འཕྲོག་བྱས་འདུག འོས་བསྡུ་བྱ་ཡུལ་སྡེ་ཚན་འཇོ་ཁེལ་དུ་སྐོར་སྲུང་བ་མ་སླེབས་གོང་དུ་འཇོ་ཁེལ་གྱི་འོས་སྒམ་ཆ་ཚང་སྦས་ཐུབ་པ་བྱུང་འདུག ད་ལྟའི་ཆར་ས་གནས་སུ་འབྲེལ་ཡོད་རྣམས་ནས་གཞུང་ཚབ་ཁག་དང་། རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ཁག་ལ་འབྲེལ་གཏུགས་གནང་སྟེ་འོས་སྒམ་ཆ་ཚང་ཕྱིར་སློག་ཡོང་ཐབས་འབད་བརྩོན་གནང་བཞིན་ཡོད། དེ་རིང་གི་དོན་རྐྱེན་འདིའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐོག་བོད་མིའི་ཞི་བདེའི་དྲང་བདེན་ལས་འགུལ་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་དང་། འོས་སྒམ་ཕྱིར་སློག་ཡོང་ཐབས་འབད་བརྩོན་བྱ་བཞིན་པ་གྲུབ་འབྲས་བྱུང་ན་དེ་རྗེས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱ་རྒྱུ་ཡིན། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༡༠ ཚེས་ ༤ ལ།།