༢༠༡༧ ཟླ་ ༢ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །ཨ་རིའི་མངའ་སྡེ་ཡུ་ཊ་ Utah ཞེས་པའི་རྒྱལ་ས་སལ་ལེག་སི་ཊི་གསར་ཤོག་ SaltLakeTribune ནང་ཕྱི་ཟླ་ ༢ ཚེས་ ༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོའི་ཕྱི་ ༦ པའི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཡུ་ཊ་མངའ་སྡེའི་མཐོ་སློབ་ University of Utah ཏུ་མང་ཚོགས་ལ་བླང་དོར་བཀའ་སློབ་སྩལ་བའི་ལག་འཛིན་དངུལ་གང་བྱུང་བ་ནས་ཨ་སྒོར་ ༢༥༠༠༠ ཡུ་ཊ་བོད་ཀྱི་ཐེབས་རྩ་ཁང་ Utah Tibet Foundation བརྒྱུད་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྒེ་རི་ཧར་སྦར་ Gary Herber མཆོག་ལ་ཞལ་འདེབས་གསོལ་སྩལ་མཛད་འདུག་པ་དང་། དངུལ་དེ་དག་གཙོ་བོ་མངའ་སྡེའི་ནང་སྡོད་ཁང་མེད་མཁན་ཉམ་ཐག་རྣམས་ཀྱི་ཁ་ཟས་སོགས་ཀྱི་ཆེད་དུ་གསོལ་རས་སྩལ་བ་ཞིག་ཡིན་འདུག་པ་བཅས།།