༢༠༡༧ ཟླ་ ༢ ཚེས་ ༥ རེས་གཟའ་ཉི་མ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡིར་ཏལ་ཀ་ཏོ་ཀ་རྩེད་ཐང་ཆེན་མོར་ Talkatora Stadium ཕྱི་ཚེས་ ༥ རེས་གཟའ་ཉི་མའི་སྔ་དྲོ་མང་ཚོགས་སྟོང་ཕྲག་བརྒལ་བར། དེང་དུས་རྒྱ་གར་སྤྱི་ཚོགས་ནང་གནའ་བོ
དེ་ཡང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་ Vidyaloke ཞེས་
དེ་ནས་ཐོག་མར་སྡིངས་ཆའི་ཐོག་རྒྱ་གར་སྲོལ་རྒྱུན་ལམ་ལུགས་ལྟར་སྣང་གསལ་ཞལ་ཕྱེ་མཛད་བསྟུན་ཞབས་སྟེགས་ཐོག་བཞུགས་གནང་མཛད། སྐབས་དེར་ཐོག་མར་རྟེན་འབྲེལ་མཚོན་ཆེད་དབྱངས་ཅན་ལྷ་མོའི་བསྟོད་གླུ་དབྱངས་སུ་གྱེར་བ་མ་ཟད། ལེགས་སྦྱར་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་སྦྲགས་རྒྱ་གར་གྱི་གནའ་བོའི་གཞས་སྣ་ཁ་ཏག Kathak ཅེས་པ་འཁྲབ་སྟོན་གཟིགས་འབུལ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་མཛད།
དེ་རྗེས་སྐུ་ཞབས་ Veer ལགས་ཀྱིས་མི་མང་ ༣༠༠༠ བརྒལ་བར་འཚམས་འདྲིའི་གསུང་བཤད་གནང་བ་དང་སྦྲགས་དེང་འཛམ་གླིང་ནང་ཕྱི་དངོས་པོ་འཛུགས་སྐྲུན་གྱིས་གཙོས་དཔལ་འབྱོར་གྱི་གནས་སྟངས་སོགས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ཧ་ཅང་ཉེན་ཚབས་ཆེ་བའི་དུས་ཚོད་གཅིག་ཆགས་ཡོད་པ་མ་ཟད། དེ་སྔ་ལས་ཉེན་ཚབས་ཆེ་བའི་གནས་སྟངས་འོག་གནས་ཡོད་སྐོར་སོགས་ངོ་སྤྲོད་ཞུས་བསྟུན་ཨ་ནལ་ཇི་ཏི་སིངྒ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་མང་ཚོགས་རྣམས་ལ་ངོ་སྤྲོད་གནང་།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་བཅར་ཐུབ་པར་དངོས་གནས་རང་ཧ་ཅང་དགའ་པོ་བྱུང་། འགའ་ཤས་ངོས་ཀྱི་ངོ་ཤེས་རྙིང་པ་དེ་འདྲའང་ཕེབས་འདུག དེར་བརྟེན་ངོས་ཀྱིས་དེ་རིང་གང་བརྗོད་རྒྱུ་ཡིན་པ་ཁྱེད་རང་ཚོས་ཕལ་ཆེར་ཧ་གོ་ཚར་བ་ལྟ་བུ་རེད། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་གྱུར་ཡིན་སྟབས་དེར་གཞི་རྩ་བཟུང་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམས་པའི་འདུ་ཤེས་དེ་ངེས་པར་དུ་ངོས་འཛིན་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད། དེའི་ཐོག་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད། བདེ་སྐྱིད་ནི་མི་ཚེའི་དགོས་དོན་སྙིང་པོ་རེད། ང་ཚོ་འཚོ་དང་མ་འཚོ་ཟེར་བ་དེའང་འབྱུང་འགྱུར་གནས་སྟངས་བཟང་པོ་ཞིག་ཡོང་རྒྱུ་རེད། ཅེས་རེ་བ་དེའི་ཐོག་ནས་འཚོ་བཞིན་ཡོད།
ད་ལྟ་ཁྱེད་ཚོས་དབྱངས་ཅན་ལྷ་མོའི་བསྟོད་དབྱངས་གསན་ཡོད། ཤེས་རབ་ཀྱི་ལྷ་རེད། ནང་པ་སངས་རྒྱས་པའི་ལྟ་གྲུབ་ནས་གསུང་སྐབས་ཤེས་རབ་བརྗོད་སྐབས་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་གོ་བ་རེད། སྟོང་པ་ཉིད་བརྗོད་སྐབས་གང་ཡང་མེད་པའི་གོ་དོན་མ་རེད། རང་ངོས་ནས་གྲུབ་པས་སྟོང་བ་ཞིག་ལ་བརྗོད། ཆོས་རྣམས་ཕན་ཚུན་རྟེན་འབྲེལ་ལྟོས་གྲུབ་ཡིན་པར་བརྟེན་བྱ་བྱེད་འཐད་པ་རེད། གལ་ཏེ་ཆོས་རྣམས་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་མི་དགོས་པར་ཕན་ཚུན་ལྟོས་མེད་ཡིན་ན་བྱ་བྱེད་ཀྱང་མི་འཐད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ།།