༢༠༡༦ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་
ཉིན་གཅིག་རིང་གི་བགྲོ་གླེང་ལྷ
བགྲོ་གླེང་ལྷན་ཚོགས་དབུ་འཛུགས་
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བགྲོ་གླེང་ལྷན་ཚོགས་དང་དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་གསུང་དོན། བོད་འདི་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པའི་རྣམ་པ་ཞིག་རྫུན་སྒྲིག་བྱས་ནས་རྒྱ་ནག་གཞུང་གིས་དུས་རྟག་ཏུ་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་སྤེལ་ཐབས་བྱེད་བཞིན་པ་འདི་དོན་དངོས་དང་མི་འཚམས་པ་ཞིག་ཡིན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་མཚམས། བཅིངས་བཀྲོལ་གྱི་རྫུན་འབག་གྱོན་ནས་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྐྱེན་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐེངས་མང་ཞི་རྒོལ་ རྔམ་སྟོན་ཤུགས་ཆེ་བྱས་ཡོད།
༸རྒྱལ་བའི་ཡང་སྲིད་སྐོར་དང་བོད་ཀྱི་ཁོར་ཡུག་ཉམས་ཆག བོད་ཀྱི་གྲོང་གསེབ་ས་ཁུལ་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་སོགས་ ཀྱི་ཤུགས་རྐྱེན་འཛམ་གླིང་སྤྱི་ལ་ཐད་ཀར་ཐེབས་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ཇི་ཡིན་དྲིལ་བསྒྲགས་བྱ་རྒྱུ་དང་། དེའི་ཐོག་ནས་ང་ཚོའི་ལངས་ཕྱོགས་ཇི་ཡིན་གསལ་ཁ་གཏོད་དེ་རྒྱལ་སྤྱིའི་དོ་སྣང་དང་འཛམ་གླིང་མི་མང་གི་བོད་ཀྱི་དངོས་ཡོད་གནས་སྟངས་ཐོག་བགྲོ་གླེང་ཡོང་ཐབས་བཅས་ལ་དམིགས་ནས་ང་ཚོས་སྐད་རིགས་གསུམ་ནང་ཡོད་པའི་སྙན་ཐོ་འདི་འདོན་སྤེལ་ཞུས་པ་ཡིན། ཞེས་གསུངས།
དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། བགྲོ་གླེང་ལྷན་ཚོགས་འདི་བརྒྱུད་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཐོག་མཁས་ པའི་བསམ་ཚུལ་སྣ་ཚོགས་ཕྱོགས་བསྡོམས་གནང་རྒྱུ་ཡིན་སྟབས། གནས་ཚུལ་ཕྱུག་པོ་ཆགས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས།
བགྲོ་གླེང་དང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མ་ནི་ཤང་ཀར་ཨཡི་ཡར་མཆོག Mani Shankar Aiyar མཆོག་དང་། རྒྱ་ནག་གི་སྲིད་བྱུས་ཐོག་ཐབས་བྱུས་སློབ་སྟོན་པ་སྐུ་ཞབས་ཇཱ་ཡ་དེ་བ་ར་ན་ཌེ་ Jayadeva Ranade ལགས། གཙུག་ལག་སློབ་དཔོན་སྐུ་ཞབས་བྷྲམཱ་ཅེལ་ལེ་ནི་ Prof. Brahma Chellany མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཀེ་ཊི་སུན་ཌར་ Kate Saunders ལགས། ཨིན་ཡུལ་ཝེ་སི་མིན་སི་ཊར་མཐོ་སློབ་ University of Westminster ཀྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ Prof. Dibyesh Anand ལགས། བོད་དོན་སྐོར་མཁས་དབང་སྐུ་ཞབས་ཀོ་ལོ་ཊི་ཨར་པི་ Claude Arpi ལགས་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག །