ལྡི་ལི་བོད་གཞུང་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་དྲུང་ཆེ་དང་། རྡ་ས་ཤེས་དཔར་ཡན་ལག་ཏུ་འགན་འཛིན་བཅས་ཀྱི་ས་མིག་ཐོག་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཆོད་གན་ལོ་ལྔ་བར་ཞུགས་བློ་ཡོད་རིགས་ཚོས་སོ་ སོའི་ལག་འཁྱེར་ཡིག་ཆ་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༨ འགྱངས་མེད་འཚང་སྙན་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་དཔར་ཨང་དང་ཨི་མེལ་ཁ་བྱང་། མྱུར་འཕྲིན་ཨང་ཡོད་ཚེ་ངེས་པར་འཁོད་དགོས། གོང་འཁོད་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ་དང་། ལག་འཁྱེར་ཁག་གི་ངོ་བཤུས་སྔོན་འབུལ་དགོས་པའི་ཐོག་འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་ཁག་ལ་བོད་དབྱིན་གཉིས་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༣ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འབྲི་རྒྱུགས་དང་ངག་རྒྱུགས་གཉིས་ཀྱིས་ལམ་ནས་འདེམས་སྒྲུག་བྱ་རྒྱུ་དང་། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་དོ་བདག་རང་ངོས་ནས་གཏོང་དགོས་པ་ཡིན།
ཀ༽ དགོས་ངེས་ཆ་རྐྱེན། (དབུས་དྲུང་ཆེ)
1། གཙུག་ལག་རམ་འབྱམས་པ་ M.A/M.Com/M.Sc ལེགས་པར་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
2། ཉུང་ཐར་ལོ་གསུམ་རིང་འཛིན་སྐྱོང་ཉམས་མྱོང་ཡོད་པའི་ལག་འཁྱེར་ངོས་སྦྱོར་ཡོད་པ།
3། དུས་འགྱངས་ཞུས་པའི་བོད་མིའི་སྐྱབས་བཅོལ་ལག་འཁྱེར་གྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
4། ཕྱི་ལོ་ ༢༠༠༩།༡༢།༣༡ བར་འབུལ་འབབ་གཙང་འབུལ་ཞུས་ཟིན་པའི་བཙན་བྱོལ་བོད་མིའི་དྭངས་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
5། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
6། ད་ལྟ་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
7། དབྱིན་བོད་གཉིས་ཀྱི་ཡིག་འབྲེལ་ཀམ་སྤུ་ཊར་ཐོག་རང་རྐྱ་ཕེར་བ་དགོས་རྒྱུ།
8། རྩིས་ཀྱི་ཤེས་ཚད་དང་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༩། རང་ལོ་ ༢༨ ནས་ ༤༥ མ་བརྒལ་བ་དགོས་རྒྱུ།
10། གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ཐོག་བོད་གཞུང་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་ཡང་ན་ས་གནས་འགོ་འཛིན་གང་རུང་ནས་ངོ་འདྲ་ཧེ་བག་མེད་པའི་དག་མཆན་ངེས་པར་འཁོད་དགོས།
11། ཕོགས་རིམ་གཉིས་པ། ཟླ་རེར་ཕྱོགས་བསྡོམས་གླ་ཕོགས་ཧིན་སྒོར། ༡༠༩༣༢།༠༠ དང་ལས་ཤག་གོ་སྒྲིག་ཡོད།
ཁ༽ རྡ་ས་ཤེས་དཔར་ཡན་ལག་འགན་འཛིན་གྱི་དགོས་ངེས་ཆ་རྐྱེན།
༡། ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A/B.Com/B.Scལེགས་ པར་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
2། གོང་གསལ་ཆ་རྐྱེན་ཨང་། ༢ ནས་༡༠ བར་གཅིག་མཚུངས་ཡིན།
3། ཕོགས་རིམ་བཞི་པ། ཟླ་རེར་ཕྱོགས་བསྡོམས་གླ་ཕོགས་ཧིན་སྒོར། ༡༠༠༤༧།༠༠ དང་ལས་ཤག་གོ་སྒྲིག་ཡོད་པ་བཅས་
ལྡི་ལི་བོད་གཞུང་ཤེས་དཔར་དབུས་ཡིག་ཚང་ནས་
ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ཉིན།།
The Director
Tibetan Cultural Religious Publication Centre
R-28, Ramesh Park,Laxmi Nagar
Delhi-110092
Tele Fax- 011-22455634(O)011-22453672(O)011-22013260(R)
[email protected]