༢༠༡༦ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་རྒྱབ་ནས་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཟླ་ ༡༡ ཚེས་ ༢༧ བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་དགེ་བཤེས་མཚན་བཏགས་ཀྱི་རྟེན་འབྲེལ་མཛད་སྒོར་ཕེབས་ནས་འཚམས་འདྲི་ཞུ་རྒྱུ་སོགས་གནང་གྲུབ་མཚམས་དང་། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཞུ་ཕྱོགས་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་འདུར་ངོ་བཅར་ཞུ་རྒྱུ་དང་། དེ་བཞིན་དུས་དབང་ཚོགས་ཡུལ་ས་གནས་སུ་མཚམས་གཟིགས་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག་པ་བཅས།།