༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་ཕྲན་བུ་བདེ་མིན་བྱུང་བར་སྐུ་གཟུགས་བརྟག་དཔྱད་རིམ་ཞུས་མཐར་སྐུའི་མཁྲིས་རྡོར་སྨན་བཅོས་མཛད་ལེགས་སྨན་པ་རྣམས་ཀྱིས་ནན་ཞུས་གནང་དོན་བཞིན་འདི་ཚེས་ ༡༠ ཉིན་སྨན་བཅོས་ལེགས་གྲུབ་ཀྱིས་ཉིན་ཤས་ལྡི་ལིར་སྐུ་ངལ་གསོ་གནང་རྒྱུ་དང་། དེ་རྗེས་རྡ་སར་ཆིབས་བསྒྱུར་གྱིས་རྒྱུན་གཏན་གྱི་མཛད་འཆར་བསྐྱང་རྒྱུ་ཡིན་པའི་གསལ་བསྒྲགས་སུ།
སྐུ་སྒེར་ཡིག་ཚང་ནས་
༢༠༠༨ ཟླ་ ༡༠ ཚེས་ ༡༠ ལ།།