༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་བོད་གཞུང་བཀའ་ཤག་ནས་ཛ་དྲག་འབོད་བསྐུལ་ཐེངས་གཉིས་པ་བསྐྱངས་པའི་ནང་གསུང་དོན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་གཉིས་ཀྱི་ས་ཕྱོགས་གང་ས་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་གནང་བར་རྒྱ་ནག་གཞུང་ནས་དྲག་གནོན་བྱས་ཡོད་པ་རེད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཅིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་རིང་དགོང་མོའི་མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་མཐའ་ཚིག་མཐའ་ཚིག་བསྒྲགས་ཡོད་པ་རེད། དེར་བརྟེན་མཐའ་ཚིག་དེའི་རྗེས་སུ་བོད་མི་ཚོས་ལས་འགུལ་སྤེལ་བ་ཡིན་ན་སྡེབ་གསོད་གཏོང་ཉེན་ཡོད་པས་ང་ཚོར་སེམས་འཚབ་ཆེན་པོ་འདུག བཙན་བྱོལ་བོད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། གཞུང་། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོས་རྒྱལ་སྤྱིའི་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་འཕྲལ་མར་དྲག་གནོན་མཚམས་འཇོག་དང་། བཙོན་འཇུག་བྱས་པའི་བོད་མི་ཚང་པ་གློད་གྲོལ། རྨས་སྐྱོན་ཤོར་བ་རྣམས་ལ་སྨན་བཅོས་བྱེད་དགོས་རྒྱུ་སོགས་ཀྱི་ནུས་ལྡན་གྱི་ནན་སྐུལ་ཞིག་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།
ཡང་ང་ཚོས་དམིགས་བསལ་གྱི་འབོད་སྐུལ་ཞུ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་འཕྲལ་མར་དོན་རྐྱེན་བྱུང་བའི་བོད་ཀྱི་ས་གནས་སུ་སྐུ་ཚབ་གཏོང་གནང་མཛད་དེ། ཉེན་ཚབས་ཅན་གྱི་གནས་སྟངས་དེ་དག་ཇེ་སྡུག་ཏུ་འགྲོ་ཉེན་ལས་ཟློག་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་གནང་འདུག །