༢༠༡༦ ཟླ་ ༡༠ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༤ རེས་གཟའ་མིག་དམར་ཉིན་དབུ་དཀར་ཚང་སྐལ་རྡོར་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD འགན་འཛིན་དུ་བསྐོ་གཞག་གནང་བ་དང་། ཁོང་གིས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་མིའི་ནུས་ཤུགས་གོང་མཐོར་གཏོང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དང་འབྲེལ་བའི་ལས་གཞི་འདྲ་མིན་ཐོག་ཕྱག་ལས་གནང་རྒྱུ་ཡིན་འདུག
དེ་ཡང་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༣ ཟླ་ ༩ ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ བར་ཨ་རིའི་སྐུ་ཚབ་དོན་གཅོད་གནང་མྱོང་ཡོད་འདུག་ཅིང་། དེ་སྔོན་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་གནང་མྱོང་ཡོད་པ་མ་ཟད། བྱང་ཕྱོགས་ཀེལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གནང་འདུག ཁོང་དེ་སྔ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་གྲགས་ཅན་མཐོ་སློབ་སེན་སི་ཊེ་ཕན་ St. Stephen’s College དང་ལྡི་ལི་མཐོ་སློབ་ནས་ University of Delhi ཉེ་བའི་གཙུག་ལག་རབ་འབྱམས་ཐོན་རྗེས། ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་Boston ནང་རྟེན་གཞི་བྱས་པའི་ཊབ་ཊི་གཙུག་ལག་སློབ་གྲྭ་ Tufts University ནས་རྒྱལ་སྤྱིའི་ཚོང་ལས་དང་ཆབ་སྲིད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན།