༢༠༡༦ ཟླ་ ༡༠ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་བཀོད་སྒྲིག་ཚན་པས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༩ དང་ ༣༠ དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣དང་ ༤ བཅས་ཉིན་གྲངས་བཞིའི་རིང་ལ་དྭགས་བོད་ཁྱིམ་གྱི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ལྔ་བཅུ་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བཞིན་ཡོད་འདུག་པ་དང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ལྷུན་གྲུབ་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་ཡོད།
ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ་ཡིན་འདུག་པ་དང་།
ཉིན་གྲངས་བཞིའི་རིང་ཟབ་ཁྲིད་གནང་མཁན་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས། བསྟན་འཛིན་སྒྲོལ་མ་ལགས་བཅས་ཡིན་འདུག །