༢༠༡༠ ཕྱི་ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༄༅། །སྦིར་སྡེ་དགེ་ས་གནས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཚེས་ ༢༨ ཉིན་བྱ་རྒོད་སྲས་དོན་ཡོན་ལགས་སྦིར་སྡེ་དགེ་མང་ཚོགས་ཀྱིས་བཅའ་སྒྲིག་དགོངས་དོན་ལྟར་ས་གནས་འཛིན་དུ་འོས་འདེམས་བྱུང་ཡོད་པར། དབུས་འོས་བསྡུ་ལས་ཁུངས་ཀྱིས་འཚམས་འདྲི་དང་སྦྲགས་འོས་བསྡུའི་སྒྲིག་དོན་ ༨༠།༡ དགོངས་དོན། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢ ནས་ལོ་གསུམ་རིང་དེ་གའི་མང་ཚོགས་ནས་མང་མོས་འོས་ཐོབ་ཀྱི་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་ཡོད་པ་མ་ཟད། འབྱུང་འགྱུར་སྒྲིག་གསལ་ས་གནས་འགོ་འཛིན་གྱི་ལས་ཡུན་མ་རྫོགས་གོང་ཉིན་གྲངས་ ༣༠ ནང་ཚུན་བསྐྱར་དུ་འོས་འདེམས་བྱ་རྒྱུའི་འོས་བསྡུའི་ཆོག་མཆན་བཀའ་འཁྲོལ་ཞུས་ཟིན་པ་དགོས་གལ་དམ་འཛིན་གནང་གལ་དང་། འཛིན་སྐྱོང་ལས་དོན་དང་འབྲེལ་བའི་ཞུ་སྒོའི་སྐོར་རང་གཞུང་བཀའ་ཤག་ནས་ཟུར་དུ་བཀོད་ཁྱབ་ལམ་སྟོན་ཕེབས་རྒྱུ་ལྟར་ས་གནས་མང་ཚོགས་ཀྱི་རེ་དོན་སྙིང་བཅངས་ཀྱི་སྤྱི་དོན་ལྷག་བློ་དགོས་པའི་སྐུལ་ལྕག་གནང་ཡོད་པ་བཅས། །