ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་ཡིག་དྲ་རྒྱའི་ བཟོ་དབྱིབས་སོགས་ལ་བཟོ་བཅོས་བགྱིས་པ་དང་། ཨིན་ཡིག་དྲ་རྒྱ་ གསར་འཛུགས་བཅས་དེ་རིང་ནས་གཏོང་རྒྱུའི་འགོ་འཛུགས་ཞུས་ཡོད།
དྲ་རྒྱ་དེ་གཉིས་ནང་སྤྱི་ལྷན་གྱི་དེ་སྔའི་དྲ་རྒྱའི་ནང་ཡོད་གནས་ཚུལ་སོགས་འཇུག་བསྡད་མང་དག་ལྷག་ཡོད་པ་རྣམས་རིམ་པས་བཅུག་སྟེ་གང་མྱུར་གྲུབ་ཐབས་བྱ་རྒྱུ་དང་། ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་གནས་ཚུལ་གཙོས་སྤྱི་འཐུས་ལྷན་ཁང་གི་གནས་ཚུལ་འཕྲལ་འཕྲལ་རྒྱ་ཁྱབ་མཁྱེན་རྟོགས་དགོས་གལ་སླད་སྤྱི་ལྷན་གྱི་བོད་ཨིན་གཉིས་ཀའི་དྲ་རྒྱ་གཏོང་འགོ་བཙུགས་ཡོད། དགོས་མཁོའི་ཡིག་ཆ་སོགས་ཆ་ཚང་དྲ་ཐོག་འཇོག་མ་ཐུབ་ཀྱི་བར་བཟོད་སྲན་ཡོང་བ་ཞུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས།།