༢༠༡༠ ཟླ་ ༩ ཚེས་ ༧ རེས་གཟའ་མིག་དམར།
་༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེ་སོར་ (Mysore) ནང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས། བཙན་བྱོལ་ནང་གི་འགྲུལ་བཞུད་ཅེས་པ་དང། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ། ཞེས་པའི་པར་རིགས་འགྲེམས་སྟོན་དང་གློག་བརྙན་གྱི་ལམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཀ་ཎ་ཊ་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མ་ཌུ་སུ་ཌན་ (G.Madhusudhan) མཆོག་དབུ་བཞུགས་ཐོག་འགྲེམས་སྟོན་དབུ་འབྱེད་གནང་ཡོད། མཛད་སྒོ་དབུ་འབྱེད་སྐབས་ཁོང་ནས་བོད་མིའི་རང་དབང་འཐབ་རྩོད་དང་རྒྱ་ནག་གཞུང་གིས་བོད་མི་ཚོར་གདུག་རྩུབ་ཇི་འདྲ་གཏོང་མིན་ཞིབ་ཕྲ་གསལ་བཤང་གནང་ཡོད། སྐབས་དེར་རྒྱ་གར་དང་ཕྱི་རྒྱལ་བ། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་སྟེ་པར་རིགས་ལ་དོ་སྣང་ཆེན་པོས་ལྟ་ཞིབ་གནང་འདུག་པ་བཅས།།