༢༠༡༠ ཕྱི་ཟླ་ ༦ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༨ ཉིན་ཨེ་ཨེན་ཨ་ཡི་ (ANI) གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨུ་རུ་སུའི་ (Russia) གཞུང་ཚབ་པ་སྐུ་ཞབས་ཨེ་ལེག་ཛེན་ཌར་ཀ་ཌ་ཀིན་ (Alexander Kadakin) ལགས་ཀྱིས་འགྲེལ་བརྗོད་གནང་གསལ། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཡོད་པའི་དད་ལྡན་ནང་པའི་མི་མང་ཚོས་རེ་འདུན་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨུ་རུ་སུའི་ནང་ཆིབས་སྒྱུར་བསྐྱང་འཆར་ཡོད་པ་འགྲེལ་བརྗོད་བྱས་ཡོད། དེ་བཞིན་སྐུ་ཚབ་ཀྱིས་ཨུ་རུ་སུའི་སྤྱི་མཐུནརྒྱལ་ཁབ་ནང་དུ་ནང་པའི་རྒྱལ་ཁབ་ཡོད། ལྷག་པར་ཨལ་ཏའི་རི་རྒྱུད་དུ་ (Altai Mountains) ནང་པ་ཧ་ཅང་མང་པོ་ཡོད། ཁོང་ཚོས་རང་གི་བླ་མ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་འདོད་ཧ་ཅང་ཆེན་པོ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན་པ་མ་གཏོགས་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་གི་རྣམ་པའི་ཐོག་ནས་ཨུ་རུ་སུར་ཆིབས་སྒྱུར་བསྐྱང་གི་མེད་སྐོར་བརྗོད་ཡོད།།