༢༠༡༦ ཟླ་ ༧ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Asia Health Resort ཞེས་པའི་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་འགོ་འཛུགས་གནང་ཡོད། ཚོགས་འདུ་དེ་བཞིན་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་ཚོགས་ཀྱི་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་ཆགས་ཀྱི་ཡོད་པ་དང་། ད་ལན་སྲིད་སྐྱོང་སྐབས་གཉིས་པར་འོས་འདེམས་བྱུང་བའི་རྗེས་ཀྱི་ཚོགས་འདུ་དང་པོ་དེ་ཆགས་ཀྱི་ཡོད།།