༢༠༡༥ ཟླ་ ༥ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་བཀའ་ཤག་ཚོམས་ཆེན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་མང་གཙོའི་ལམ་ནས་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་འཚམས་འདྲིའི་མཇལ་དར་ཕུལ་སོང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་གྱིས་གཙོས་རྡ་ས་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་འགན་འཛིན་ལས་ཚབ། སྐུ་ཚབ་བཅས་ཀྱིས་སྲིད་སྐྱོང་མཆོག་ལ་དགའ་བསུའི་གཞུང་འབྲེལ་འཚམས་འདྲིའི་མཇལ་དར་ཕུལ་གྲུབ་མཚམས་རྟེན་བྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ཆུ་ཚོད་ ༣ ནས་ ༤ བར་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལས་ཁུངས་སུ་སྲི་ཞུ་ལས་བྱེད་རྣམས་དང་། མི་མང་ཁག་གཅིག་ནས་འཚམས་ཞུའི་མཇལ་དར་ཕུལ་ཡོད་པ་བཅས། །