༢༠༡༦ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤྲི་ལངྐའི་སྲིད་འཛིན་ Maithripala Sirisena མཆོག་ལ་གསུང་འཕྲིན་ཞིག་འབུལ་གནང་མཛད་པ་བརྒྱུད། ཡུལ་དེར་ཉེ་ལམ་ཆར་ཞོད་ཀྱི་རྐྱེན་ངན་འོག་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་ཐུགས་གསོ་མཛད་པའི་ནང་འཁོད་དོན། རང་བྱུང་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་ལ་ངོས་ཀྱིས་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་དང་། གོད་ཆག་འདིའི་འོག་དཀའ་སྡུག་མྱོང་བཞིན་པའི་འབྲེལ་ཡོད་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་གཙོ་བོར་གྱུར་བའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་ཤྲི་ལངྐའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་སྐྱོབ་ཀྱི་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། ཞེས་འཁོད་འདུག