༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་རྒྱུན་ལས་ལྔ་བསྐོ་བརྗེ་གནང་འདུག་པ་རྣམས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ནས་དངོས་སུ་ལས་བཅར་ཞུ་རྒྱུ་ཡིན་འདུག
དེ་ཡང་རྒྱུན་ལས་བརྗེ་སྒྱུར་གནང་བའི་མཚན་གཞུང་རྣམས་གཤམ་གསལ།
༡༽ སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། དགེ་ལུགས་རྒྱུན་ལས།
༢༽ སྤྱི་འཐུས་ངག་དབང་ལྷ་མོ་ལགས། དབུས་གཙང་རྒྱུན་ལས།
༣༽ སྤྱི་འཐུས་ཟླ་བ་ཚེ་རིང་ལགས། དབུས་གཙང་རྒྱུན་ལས།
༤༽ སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། མདོ་སྟོད་རྒྱུན་ལས།
༥༽ སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། མདོ་སྨད་རྒྱུན་ལས།
བཅས་ཡིན།།