༢༠༡༦ ཟླ་ ༥ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་འབུམ་རམས་པ་བློ་བཟང་སེངྒེ་མཆོག་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་པ་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུས་སུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་གི་ལས་འཁུར་དམ་བཅའ་འབུལ་རྒྱུའི་མཛད་སྒོ་གནང་རྒྱུ་དང་། མཛད་སྒོའི་གཙོ་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་ཆེ་གཏན་འཁེལ་ཡོད་འདུག