༢༠༡༦ ཟླ་ ༤ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་ལས་རོགས་རིན་ཆེན་བཟང་མོ་ལགས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཀུམ་རའོ་ས་འཐུས་སྐབས་ ༦ པའི་ལས་འཁུར་དམ་འབུལ་ཞུ་ཡུལ་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་དང་བསྟུན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་དབར་རྩིས་སྤྲོད་ལེན་གྱི་སྤྲོད་དཔང་དུ་བསྐོ་གཞག་གནང་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༣༠ ཉིན་ས་གནས་སུ་ཆེད་བསྐྱོད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༣༡ ཉིན་ཀུམ་རའོ་སྒ་བ་ས་གནས་འཐུས་ཚོགས་སྐབས་ ༦ པའི་འཐུས་མི་དང་། ཚོགས་གཙོ་ཚོགས་གཞོན་གྱི་ལས་འཁུར་དམ་འབུལ་ཟིན་པ་དང་སྦྲགས། ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༡ ནས་ཚེས་ ༣ བར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་དངོས་ཟོག་ཚང་བཤེར་ཞིབ་འཇུག་དང་། དེ་བཞིན་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་དབར་ས་གནས་ཁྲིམས་ཞིབ་ཁང་གི་ཡིག་ཆ་དང་ཅ་དངོས་སོགས་ཀྱི་རྩིས་སྤྲོད་ལེན་གྱི་སྤྲོད་དཔང་བཅས་ཀྱི་བྱེད་སྒོ་ཡོངས་རྫོགས་ལེགས་གྲུབ་བྱུང་མཚམས་ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༤ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ།