༢༠༡༦ ཟླ་ ༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ནས་ ༥ བར་ཉིན་བཞིའི་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་ཀོབ་ཏུ་ལམ་རིམ་གསུངས་ཆོས་སྩལ་བར་སྒེར་དགོངས་ཐོག་ཕེབས་བཅར་དང་སྟབས་བསྟུན་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་འཚམས་གཟིགས་གནང་སྟེ། ས་གནས་ཁྲིམས་ཞིབ་ཁང་གི་སྤྱི་ཡོངས་དངོས་ཟོག་ཚང་བཤེར་ལ་བཀོད་མངགས་དང་། ལས་ཁུངས་ཀྱི་སྤྱི་ཡོངས་བྱེད་སྒོར་ལམ་སྟོན་གནང་གྲུབ་མཚམས་ ༢༠༡༦།༠༡།༡༡ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས།།