༢༠༡༥ ཟླ་ ༡༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན་རྡ་ས་མེག་གན་གཞུང་ལམ་དུ་བོད་མི་ཞིག་རྒྱ་གར་བས་བསད་པའི་གནས་ཚུལ་དེ་ནི་ཧ་ཅང་ཐབས་སྡུག་དང་བློ་ཕམ་དགོས་པ་ཞིག་རེད། འོན་ཀྱང་ས་གནས་ཉེན་རྟོག་པས་ཉེས་ཅན་པ་གསུམ་འཕྲལ་མར་འཛིན་བཟུང་བཀག་བསྐྱིལ་ཐུབ་པ་བྱུང་ཡོད། དེ་ནི་བསྔགས་འོས་ཀྱི་གནས་ཡིན།
དོན་རྐྱེན་དེ་བྱུང་རྗེས་མི་འགའ་རེས་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་ཡུལ་མིའི་དབར་གྱི་མཐུན་ལམ་ལ་དོ་ཕོག་འགྲོ་གཞིའི་འཆལ་གཏམ་འདྲ་མིན་སྤྱི་ཚོགས་དྲ་རྒྱ་སོགས་ནང་སྤེལ་བཞིན་པ་དེར་མང་ཚོགས་རྣམས་ཀྱིས་ངེས་པར་ཡིད་གཟབ་གནང་བ་དང་སྦྲགས། ལྷིང་འཇགས་ཐོག་གནས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལྟ་ཉེས་ཅན་པ་གསུམ་ཁྲིམས་ཐོག་ཡོད་སྟབས། ཁྲིམས་ལུགས་ཀྱི་བརྒྱུད་རིམ་ལྟར་ཁྲིམས་གཤེར་གནང་རྒྱུ་རེད། ང་ཚོས་རྒྱ་གར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་གཙང་མ་ཡོད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན།།