༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༣ ཉིན་ཨ་རིའི་གཞུང་ནས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་སྤེལ་དོན་ལྟར་ན། ཨ་རི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་འདི་ལོའི་ཟླ་ ༥ ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་གཏན་འཁེལ་འདུག ལྷན་ཚོགས་དེའི་སྐབས་ཨ་རིའི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ངལ་རྩོལ་ཚོགས་པའི་དྲུང་ཚབ་སྐུ་ཞབས་མེ་ཁལ་པོ་སི་ནཱར་ལགས་ (Michael Posner) ཀྱིས་སྣེ་ཁྲིད་བྱེད་རྒྱུ་དང་། རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཞབས་ཅེན་ཛུས་ (Chen Xu) སྣེ་ཁྲིད་བྱེད་རྒྱུ་ཡིན་འདུག དངོས་འབྲེལ་བྱས་ན་ཚོགས་འདུ་འདི་བཞིན་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཚོགས་འཆར་ཡོད་ཀྱང་། ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་པ་དང་། སྲིད་འཛིན་ཨོ་བྷ་མས་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་སོགས་ལ་བརྟེན། གྲོས་མོལ་ཚོགས་འདུ་ཕྱིར་འཐེན་བྱས་དགོས་བྱུང་འདུག་པ་བཅས།