༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་རྒྱབ་རྡ་ས་ནས་ས་ཐོག་བརྒྱུད་ཅན་དི་གྷར་ལ་ཕེབས་ཐོན་གྱིས་དེར་བཞུགས་ཞག་གནང་རྒྱུ་དང་། ཚེས་ ༡༩ ཉིན་མེ་འཁོར་བརྒྱུད་ཕེབས་ཐོན་གྱིས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཚེས་ ༢༠ ཉིན་དོན་ཁང་ནས་གནམ་ཐང་དང་དེ་ནས་དུབཡི་ལ་ཕེབས་ཐོན་གནང་རྒྱུ། དེ་རྗེས་བི་ཡ་ནར་ (Vienna) ཕེབས་འབྱོར་གནང་རྒྱུ་དང་། ཚེས་ ༢༡ ནས་ ༢༥ བར་ཨོས་ཀྲེ་རི་ཡ་དང་འཇར་མ་ནི་ (Austria/Germany) གཉིས་ནང་བོད་དོན་དྲིལ་བསྒྲགས་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག ཚེས་ ༢༦ ཉིན་ཝི་ཡ་ན་ནས་དུབཡི་ལ་ཕེབས་ཐོན་གྱིས་ཚེས་ ༢༧ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། དེ་ནས་ཅཀྐི་བྷེ་ངྐབརྒྱུད་ཚེས་ ༢༨ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་སོ།