༢༠༡༥ ཟླ་ ༨ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་གོ་སྒྲིག་འོག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནང་སྲིད་ལས་ཁུངས་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་(Tibetan Career Centre ) དུ་བོད་མི་ན་གཞོན་བུད་མེད་ཁག་གཅིག་ལ་གཞན་གྱི་བརྙས་བཅོས་འགོག་ཐབས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུའི་ཟབ་སྦྱོང་གནང་ཡོད་འདུག
ཐེངས་འདིའི་ཟབ་སྦྱོང་ནང་བོད་མི་ན་གཞོན་ལག་ཤེས་སྦྱོང་བརྡར་བ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༥ ཙམ་མཉམ་ཞུགས་གནང་འདུག དེ་ཡང་ཟབ་སྦྱོང་ཚོགས་ཐེངས་དང་པོར་བུད་མེད་ཚོས་ལས་ཡུལ་ས་གནས་སུ་མི་གཞན་གྱིས་བརྙས་བཅོས་འགོག་ཐབས་དང་འབྲེལ་བའི་སྐོར་སློབ་སྟོན་གནང་འདུག ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་བོད་མི་གཞོན་སྐྱེས་སྤྱི་དང་ལྷག་པར་བུད་ མེད་ན་གཞོན་རྣམས་ལས་ཡུལ་ས་གནས་སུ་གཞན་གྱིས་དོན་མེད་བརྙས་བཅོས་བྱས་པ་སོགས་བྱུང་ན་སྐབས་དེར་འཇིགས་ཞུམ་མེད་པའི་ཐོག་ནས་ལམ་སེང་གོང་རིམ་ལ་ཞུ་གཏུག་བྱ་རྒྱུ་དང་ལུས་ངག་གི་རྣམ་འགྱུར་སོགས་ཀྱི་ཐོག་ ནས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སོགས་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་འདུག །