༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༡ ཉིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) དུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་གསར་འགོད་རིག་པའི་བགྲོ་གླེང་ཞིག་ཚོགས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་ཕྱུག་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་རྗེས་བོད་གཞུང་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དེང་རབས་ཅན་གྱི་འཛམ་གླིང་ཁྲོད་བོད་ཀྱི་གསར་འགོད་ལས་དོན་སྤེལ་ཕྱོགས་སྐོར་གསུང་བཤད་གྲུབ་མཚམས་དྲི་བ་དྲི་ལན་དང་། དེ་ནས་གསར་འགོད་རིག་པའི་ཆེད་སྦྱོང་ཐོན་པ་བུ་ཆུང་བསོད་ནམས་ལགས་ཀྱིས་རྒྱལ་སྤྱི་དང་ཁྱད་པར་དུ་ནུབ་ཕྱོགས་ཡུལ་གྲུའི་ནང་གི་གསར་འགོད་པའི་ལས་དོན་སྐོར་གསུང་བཤད་གནང་རྗེས་དྲི་བ་དྲི་ལན་དང་། གུང་ཚིགས་རྗེས་མཐུན་ཚོགས་ཀྱི་ཚོགས་མི་ནང་ཁུལ་བསམ་འཆར་བསྡུ་ལེན་གྱི་ཚོགས་འདུ་ཞིག་གནང་ཡོད། ད་ཐེངས་བགྲོ་གླེང་དེར་རྡ་ས་ཁུལ་གྱི་གསར་འགོད་པ་ ༢༠ ལྷག་མཉམ་ཞུགས་གནང་ཡོད་པ་བཅས།