༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ (John Kerry) མཆོག་གིས་འཚམས་འདྲི་ཞུས་དོན། ངོས་ཀྱིས་དེ་རིང་གི་ཉིན་འདིར་སྐུ་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཚམས་འདྲི་ཞུ་རྒྱུ་དང་། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཙམ་མ་ཟད། ཆོས་ལ་ཡིད་ཆེས་མེད་མཁན་ཚོ་ལའང་སྐུ་ཉིད་ཀྱིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལམ་སྟོན་དེ་དག་གིས་སེམས་འགུལ་ཧ་ཅང་ཐེབས་བཞིན་ཡོད། ངོས་ཀྱིས་དུས་རྟག་ཏུ་སྐུ་ཉིད་མཆོག་གི་ཐུགས་རྒྱུད་ཀྱི་མཁྱེན་ཡོན། ཞི་དུལ་གྱི་ཀུན་སྤྱོད། དེ་བཞིན་ཀུ་རེ་མཛད་རྒྱུ་བཅས་ཀྱི་སྐུའི་ཡོན་ཏན་ལ་བསྔགས་བརྗོད་དང་སྦྲགས། སྐུ་ཉིད་མཆོག་གིས་བོད་མི་ཙམ་མ་ཟད། འགྲོ་བ་མི་རིགས་སྤྱིའི་བདེ་དོན་སླད་སྐུ་ངལ་འཛེམས་མེད་ཀྱིས་བློས་གཏོང་མཛད་དང་མཛད་བཞིན་པ་དེར་ཆེ་བསྟོད་ཞུ་བཞིན་ཡོད། དེར་བརྟེན་དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར་ངོས་ཀྱིས་སྐུ་ཉིད་མཆོག་ལ་བྱ་བ་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་མདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག