༢༠༡༥ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། ། ཨིན་ཡུལ་ Horizon Foundation, UK ཚོགས་པ་ནས་འཛིན་རིམ་བཅུ་པ་ཐོན་མཁན་རང་རིགས་སློབ་ཕྲུག་གཉིས་སམ་གསུམ་ལ་ཨ་རི་དང༌། ཨིན་ཡུལ། ནེ་དར་ལེཌ། ནོར་ཝེལ་བཅས་རྒྱལ་ཁབ་ཁག་ནང་ལོ་གཉིས་རིང་ (International Baccalaureate) སློབ་སྦྱོང་ཐོག་ཆ་ཚང་སློབ་ཡོན་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་པས། ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དོན་ཚན་ཁག་ལ་ཐུགས་ཞིབ་ཀྱིས་འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ འགྱངས་མེད་འབུལ་དགོས་རྒྱུ་དང༌། གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་ཟླ་ ༨ ནང་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་ཀྱི་ལམ་ནས་སློབ་མ་ ༡༠ རྩེ་བཏོག་གིས་ (Shortlist) སློབ་ཕྲུག་རོགས་ཚོགས་ལ་གཏོང་རྒྱུ། མཐའ་མེད་འདེམས་སྒྲུག་འབྲེལ་ཡོད་ཚོགས་པ་ནས་ཕྱི་ལོ་ ༢༠༡༦ ཟླ་བ་དང་པོ་འམ་གཉིས་པ་གང་རུང་ནང་གནང་འཆར་ཡོད་པ་དེ་དོན་གྲ་སྒྲིག་གནང་དགོས་པའི་གསལ་བསྒྲགས་སུ།
ཀ༽ གོང་གསལ་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང༌། འཚང་སྙན་འབུལ་ཕྱོགས།
༡། འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༨༠ ཡན་ལོན་པ་དང༌། འཛིན་རིམ་བཅུ་པའི་གྲུབ་འབྲས་ཨང་ཤོག་གི་(Marks-Card)དཔར་བཤུས་རེ།
༢། འབྲེལ་ཡོད་རོགས་ཚོགས་ནས་ལོ་ཚད་གཏན་འབེབས་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༣༡ ནས་ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༣༡ དབར་སྐྱེས་པ་ཞིག་དགོས།
༣། དོ་བདག་དང་ཕ་མའི་རྒྱལ་དོན་དཔྱ་དངུལ་ཉུང་མཐར་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤། དོ་བདག་དང་ཕ་མའི་གནས་ཡུལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལག་དེབ་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༥། ཕ་མ་བོད་ནང་ཡོང་པའམ་ཕ་མ་ཡ་བྲལ། ཡང་ན་འདས་གྲོང་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ་ཤེས་རིག་ཁྱབ་ཁྱོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སྦྱོར་འབུལ་དགོས།
༦། ཕྱི་ལོ་ ༢༠༡༦ ཟླ་ ༨ པའི་ནང་སློབ་བཅར་དགོས་པར་བརྟེན། ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) དུས་ཐོག་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས།
༧། ཤེས་ཡོན་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ་གང་རུང་གི་ཞིབ་བཤེར་ཟིན་པའི་འགན་ལེན་དག་མཆན་(Attestation)ཡོད་དགོས།
༨། དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང༌། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས་པ་བཅས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༦ ལ།
Secretary
Department of Education, CTA
Gangchen Kyishong
Dharamsala-176 215
Distt. Kangra (H.P.)
Tel: 01892-222572, 222721 Fax: 01892-223481
email: [email protected]
websites: www.tcewf.org or www.sherig.org