༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཨ་ཡོ་ཝའི་ནང་རྟེན་གཞི་བྱས་པའི་བྱང་ཨ་ཡོ་ཝེའི་གཙུག་ལག་སློབ་ཁང་ (The University of Northern Iowa) ཞེས་པ་དེའི་ནང་ཤེས་ཡོན་གྱི་ནུས་པ། (The Power of Education) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག སྐབས་དེར་གཙུག་ལག་སློབ་ཁང་དེས་ཆེས་མཐོའི་ཕྱག་འཁྱེར་ (Honorary Degree of Humane letters) ཞེས་པ་དེ་འབུལ་འཆར་ཡོད་ཁོངས་སུ་གྲགས་ཅན་མི་སྣ་དྲུག་ཡོད་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཡོད་འདུག་པ་བཅས།