༢༠༡༥ ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་རྡ་ས་མེག་གྷན་ནོར་བུའི་མགྲོན་ཁང་དུ་བོད་མིའི་ཚོང་ལས་སྡེ་ཚོགས་བཙུགས་ནས་ལོ་ངོ་ ༡༠ འཁོར་བའི་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུ་སྐབས། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
དཔལ་ལྡན་ཚོགས་གཙོ་མཆོག ཕྱག་རོགས་ནང་སྲིད་བཀའ་བློན་དང་། སྐལ་བཟང་དངོས་གྲུབ་ལགས། ཚོགས་མི་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་འགན་འཛིན་རྣམ་པ། གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་གསར་འགོད་རྣམ་པ་བཅས་ལ། བཀའ་ཤག་གིས་ཚབ་བཞུས་ཏེ་ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཉེ་སྔོན་ཨེ་མོ་རི་མཐོ་སློབ་ནང་སློབ་སྦྱོང་བྱེད་དུ་འགྲོ་མཁན་བོད་པའི་སློབ་ཕྲུག་ཞིག་གིས་ཉེ་ཆར་རྒྱ་གར་ནང་བོད་མི་ཚོང་པའི་གནས་སྟངས་ཀྱི་ཐོག་ལ་ཞིབ་འཇུག་བྱས་འདུག ཁ་སང་ངོས་ནས་མཉམ་འབྲེལ་ལའང་བརྗོད་རྒྱུ་བྱུང་། ཨེ་མོ་རི་བོད་པའི་སློབ་ཕྲུག་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་དེའི་ནང་། བོད་པའི་སྤྱི་ཚོགས་ནང་ཞིང་ལས་བྱེད་མཁན་བརྒྱ་ཆ་ ༢༣།༤ དང་། བོད་པ་སྤྱི་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ནང་གི་བརྒྱ་ཆ་ ༨།༥ དང་། བོད་པའི་སྤྱི་᫄ᨕᨵᨋ᪄ᩏᨋ᫄ᨕᩏᨋᨋབྱེད་མཁན་བརྒྱ་ཆ་ ༢༧།༣ དང་། དཔལ་འབྱོར་གྱི་ཡོང་འབབ་བརྒྱ་ཆ་ ༤༡ དེ་འདྲ་ཡིན་དུས་ཞིང་འབྲོག་དང་ཚོང་པ་གཉིས་ཀྱི་ལས་ཀ་བྱེད་མཁན་གྱི་བརྒྱ་ཆ་ཧ་ལམ་འདྲ་བ་ཡིན་ནའང། ཡོང་འབབ་ཐོག་ནས་ཚོང་ཐོག་ནས་མང་བ་ཡོང་གི་འདུག བྱས་ཙང་སྤྱི་ཡོངས་ལ་ཚོང་གི་ཐོག་ནས་ཡོང་འབབ་ཆེ་བ་ཡོང་གི་ཡོད་པ་གསལ་པོ་ཡིན། དེ་དང་འབྲེལ་བའི་དཔལ་འབྱོར་ལས་ཁུངས་ནས་ལས་གཞི་སྤེལ་ཏེ་ཚོང་གི་ཐོག་ནས་ཁེ་བཟང་མང་བ་ཡོད་དུས་བོད་པ་སྤྱིའི་དཔལ་འབྱོར་དེ་སྔོན་དུ་བརྒྱ་ཆ་ ༤༡ དེ་བརྒྱ་ཆ་ ༨༢ ཙམ་འདབ་ལོག་གཅིག་ཙམ་བྱུང་ཐུབ་ཆེད་དཔལ་འབྱོར་ལས་ཁུངས་ཀྱི་ལས་གཞི་ཞིག་སྤེལ་འགོ་བཙུགས་ཡོད།
ཨེ་མོ་རི་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཡོད་པ་དེས་ཞིབ་འཇུག་གི་སྙན་ཐོ་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཡོད་ལ། དེའི་ངོ་བཤུས་ཤིག་བཀའ་ཤག་ལ་བཅར་བའི་སྐབས་ང་ལའང་བསྟན་བྱུང་། དེའི་ནང་གསལ་དོན། བོད་པའི་ཚོང་ལས་ཁག་ནང་གི་ཚོང་པ་བརྒྱ་ཆ་ ༡༤ མཐོ་སློབ་ཐོན་པའི་གྲས་དང་། བརྒྱ་ཆ་ ༦༤ མཐོ་སློབ་མཐར་མ་འཁྱོལ་བའི་གྲས་ཡིན་འདུག དེ་ཡིན་དུས་ང་ཚོའི་སྤྱི་ཚོགས་ནང་བོད་པའི་སློབ་ཕྲུག་ཚོ་མཐོ་སློབ་ཐོན་རྗེས་ག་བར་འགྲོ་བཞིན་ཡོད་རེད་ཟེར་དུས། བོད་མིའི་སྒྲིགས་འཛུགས་ནང་ལ་ཞབས་ཕྱི་ཞུ་མཁན་མང་ནའང་ལོ་གཅིག་ནང་ལས་བྱེད་ལྔ་བཅུའམ་བརྒྱ་ལས་ལྷག་བསྐོད་ཐུབ་ཀྱི་མེད། ཡིན་ནའང་ལོ་ལྟར་འཛིན་གྲྭ་བཅུ་གཉིས་ཐོན་མཁན་ ༡༢༠༠ ནས་ ༡༥༠༠ མཐོ་སློབ་འགྲོ་གི་ཡོད་། དེའི་ནང་ནས་མི་བརྒྱ་ཙམ་ལས་བོད་མིའི་སྒྲིག་འཛུགས་ནང་ཡོང་ཐུབ་ཀྱི་མེད་ན། མི་ཆིག་སྟོང་ལྷག་མཐོ་སློབ་འགྲོ་གི་ཡོད་ཀྱང་དེ་རྗེས་ཁོང་ཚོ་ག་བར་འགྲོ་གི་ཡོད་བརྗོད་ན། མང་པོ་ཞིག་ call centre དངᨋ Nursing བྱེད་ཀྱི་ཡོད། དེའིᨋ᪄ᩏᨋ᪄ᨋ᪙ᨋ᪠ᨋᨵᩖᨑᨵᨋཕྱི་རྒྱལ་ལ་འགྲོ་གི་ཡོད་པའི་རྣམ་པ་གཅིག་ཆགས་ཀྱི་འདུག
དེ་ཚོ་བརྗོད་དགོས་དོན་གང་ཡིན་ཟེར་ན། ཚོང་པའི་ལྷན་ཚོགས་ཀྱིས་ཚོང་བརྒྱབ་ཏེ་ཡར་རྒྱས་གཏོང་རྒྱུའི་ལས་གཞི་གཅིག་ཤེས་རིག་ལས་ཁུངས་བརྒྱུད་མཐོ་སློབ་འགྲོ་མཁན་གྱི་སློབ་ཡོན་གཉིས་གནང་རྒྱུ་ཡིན་སྐོར་འཁོད་ཡོད། དེ་ནི་རྣམ་པ་ཚོས་ཤེས་ཡོན་གལ་ཆེན་པོར་བརྩིས་ནས་མཐོ་སློབ་འགྲོ་དགོས་པ་དེ་གལ་ཆེན་པོར་གཟིགས་ཡོད། ཚོང་ལས་སྡེ་ཚོགས་འདི་བོད་མིའི་ཚོང་ལས་སྡེ་ཚོགས་ཤིག་ཡིན་པའི་ངོས་ནས་བོད་མི་རིགས་དང་། བོད་མི་ཉམས་ཐག དེ་བཞིན་བོད་ནས་གསར་དུ་འབྱོར་བ་རྣམས་དང་། གཞིས་ཆགས་སྲ་བརྟན་ལའང་འགན་ཞིག་ཡོད། འགན་དེ་རྣམ་པ་ཚོས་འཁྱེར་གྱི་ཡིན་ཟེར་ནས་རྣམ་པ་ཚོས་དེ་རིང་ལོ་བཅུ་འཁོར་བའི་དུས་ཆེན་ཉིན་གསལ་བསྒྲགས་སྤེལ་བར་བརྟེན་ཡིད་ཆེས་གཙང་མ་ཞུ་རྒྱུ་ཡིན། ལོ་བཅུའི་རིང་ཚོང་ལས་སྡེ་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཞབས་ཕྱི་གང་ལེགས་ཞུས་ཡོད།
དཔལ་འབྱོར་ལས་ཁུངས་ཐོག་ནས་བོད་པའི་སྤྱི་ཚོགས་ནང་ཚོང་ལས་ཡར་རྒྱས་གཏོང་དགོས་ན། རྨང་གཞིའི་འཆར་གཞི་ཞིག་དགོས་པ་འདུག འཆར་གཞི་དེ་གཞིར་བཞག་ཐོག་སྤྱི་ཚོགས་ནང་ཚོང་པའི་ལྷན་ཚོགས་ཀྱིས་བོད་མི་ཚོང་པ་རྣམས་བསྐོངས་ནས་ཚོགས་འདུའི་རིགས་དང་གཟབ་སྦྱོང་རིགས་གང་མང་གནང་རྒྱུའི་འཆར་གཞི་ཡོད་པ་དེ་ཙམ་དུ་མ་ཟད། སློབ་གྲྭའི་སྐབས་རང་ནས་ཚོང་རྒྱག་རྒྱུའི་བསམ་བློ་ཞིག་བསྐྲུན་དགོས་ཀྱི་འདུག ཅེས་ང་ཚོས་ཞིབ་འཇུག་བྱས་པ་རེད། དེར་བརྟེན་ང་ཚོས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་ལམ་སྟོན་ལ་དཔྱད་སྐབས་སློབ་གྲྭའི་ཁས་ལས་ཚོང་པ་ (Entrepreneurship དང་། ཁྱིམ་བརྒྱུད་ཀྱི་ཚོང་ཁས་ལས་དོན་ family business གཉེར་བྱེད་ཕྱོགས་སྐོར་སློབ་ཁྲིད་བྱེད་ཆོག་གི་འདུག
ལྷག་པར་སློབ་གྲྭ་ཁག་གི་ནང་ཚོང་པའི་ལྷན་ཚོགས་འཛུགས་དགོས་འདུག ཅེས་ཉེ་ལམ་དཔལ་འབྱོར་ལས་ཁུངས་ཀྱིས་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པས་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་དུ་ཁས་ལས་ཚོང་པའི་ལྷན་ཚོགས་གསར་འཛུགས་གནང་ཡོད། ཅེས་སོོགས་ཀྱི་གསུང་བཤད་གནང་བ་མ་ཟད། ལྷག་པར་ཚོང་ལས་སྡེ་ཚོགས་ཀྱི་དམིགས་ཡུལ་ནང་བཟང་སྤྱོད་དང་འབྲེལ་བའི་ཚོང་ལས་ (Business with Ethics) གཉེར་རྒྱུ་ཡིན་སྟབས་ནུབ་ཕྱོགས་ཀྱི་ལྟ་སྒྲུབ་སྨྲ་བ་སྐུ་ཞབས་མག་སི་ཝེ་སྦར་ Max Weber ལགས་ཀྱིས་དཔེ་དེབ་གྲགས་ཅན་ (The Protestant Ethic and the Spirit of Capitalism) ཞེས་པ་བྲིས་རྩོམ་གནང་བ་དེར་གཞི་བཅོལ་ནས་ཚོང་ཐོག་ཁས་ལས་གང་བྱུང་བ་ནས་ཚོང་པ་རང་ཉིད་སྒེར་ཙམ་གྱིས་བག་མེད་ལོངས་སྤྱོད་མི་བྱེད་པར་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་དབུལ་ཕོངས་སོགས་ལ་རོགས་རམ་གང་ཐུབ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་། ཕྱོགས་མཚུངས་རྒྱ་གར་རང་བཙན་འཐབ་རྩོད་སྐབས་རྒྱ་གར་ཚོང་པ་གྲགས་ཅན་སྦིར་ལ་དང་ཊ་ཊ་སོགས་ཀྱིས་མེས་པོ་དམ་པ་གཱན་དྷི་ཇིས་དབུ་ཁྲིད་པའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱ་གར་མང་ཚོགས་དཀྱུས་མ་རྣམས་ལ་ཉིན་རེའི་ཟས་གོས་སོགས་ཀྱི་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བར་བརྟེན་རྒྱ་གར་ལ་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དེ་ཕྱོགས་ཡོངས་ནས་ཕུན་གསུམ་ཚོགས་པ་ཞིག་བྱུང་ཐུབ་པར་བརྟེན་མཐར་ཨིན་ཇིའི་བཙན་འོག་ལས་གྲོལ་ཐུབ་པ་བྱུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།།