ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༡༣བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལི་དང་། ལོན་ཌོན། ཝ་ཤིང་ཊོན་ཌི་སི།བྷོས་ཊོན་བཅས་ས་གནས་ཁག་གཅིག་ཏུ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ ཉིན་ག་གྷལ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༣༡ ཉིན་ལྡི་ལི་ཀི་རོ་རི་མལ་མཐོ་སློབ་ཀྱི་བོད་རིགས་སློབ་མ་རྣམས་ནས་གོ་སྒྲིག་ཞུས་པའི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡ ཉིན་ལྡི་ལི་ནས་ཛུ་རིཀ་བརྒྱུད་ལོན་ཌོན་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་ལོན་ཌོན་ས་གནས་སུ་ལས་འཆར་དང་། ཕྱི་ཚེས་ ༤ ཉིན་ལོན་ཌོན་ནས་ཝ་ཤིང་ཊོན་ཌི་སི་ཕེབས་འབྱོར་གྱིས་ཕྱི་ཚེས་ ༤ ནས་ ༧ བར་ཝ་ཤིང་ཊོན་ཌི་སི་ཁུལ་གྱི་ལས་འཆར་ཁག་གྲུབ་རྗེས་ཕྱི་ཚེས་ ༩ ཉིན་བྷོས་ཊོན་དུ་མི་སྣ་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༡༠ ཉིན་བྷོས་ཊོན་ནས་མུ་ནིཀ་བརྒྱུད་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་ག་གྷལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག