ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་གྱི་སྔ་དྲོ་དགུང་གྲངས་ ༨༥ ལ་ཕེབས་པའི་རྒྱལ་སྤྱིའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་དབུས་རྒྱུན་ལས་སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ (Shri Kul Bhushan Bakshi Ji) ལགས་མེ་རུཊ meerut གྲོང་ཁྱེར་དུ་འདས་གྲོངས་སུ་འགྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དམ་པ་ཁོང་གི་ལྕམ་སུན་རྡར་བྷག་ཤི་ (Sunder Bakshi Ji) ལགས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། བོད་མིར་ལྷག་བསམ་རྣམ་དག་ཐོག་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཧ་ཅང་བློ་ཕམ་ཆེན་པོའི་ཐོག་ནས་མྱ་ངན་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་སེམས་གསོ་ཞུ་རྒྱུ་མ་ཟད། དམ་པ་ཁོང་ལ་གསོལ་འདེབས་སྨོན་ལམ་ཡང་ཞུ་རྒྱུ་ཡིན།
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པ་ནས་ཕབ་བསྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།