༢༠༡༥ ཟླ་ ༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༠ ནས་ ༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྲོང་ཁྱེར་པུ་ནེར་རྒྱ་གར་སློབ་ཕྲུག་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པར་གསུང་བཤད་གནང་རྒྱུ་དང་། ལྡི་ལིར་ཆེས་མཐོའི་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་གྷ་གྷལ་བརྒྱུད་ལྡི་ལིར་ཕེབས་འཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་པུ་ནེར་ཕེབས་འབྱོར་གྱིས་ཕྱི ཚེས་ ༡༢ ཉིན་རྒྱ་གར་སློབ་ཕྲུག་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པར་གསུང་བཤད་གནང་རྒྱུ། ཕྱི ཚེས་ ༡༣ ཉིན་པུ་ནེ་ནས་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༡༤ ནས་ ༡༧ བར་ལྡི་ལིར་ཆེས་མཐོའི་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྗེས་ཕྱི་ཚེས་ ༡༨ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག