ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་ Shri. Atal Bihari Vajpayeeji མཆོག་ལ་བྷ་རཏ་རཱཏ་ན་ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་Bharat Ratna awardགཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་བཞིན་ཆེ་མཐོང་ལྡན་པའི་གཟེངས་རྟགས་འདི་བཞིན་སྐུ་ཉིད་ཀྱི་འཁྲུངས་སྐར་དང་སྟབས་འཁེལ་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ངོས་ནས་ཉིན་མོ་འདི་གཞུང་འཛིན་བཟང་པོའི་ཉིན་མོ་ཞེས་གསལ་བསྒྲགས་གནང་ཡོད།
སྐུ་ཉིད་མཆོག་ནི་རྒྱ་གར་གྱི་སྲིད་བློན་ནང་ནས་གཟེངས་སུ་ཐོན་པའི་སྲིད་བློན་ཞིག་དང་། ཕུལ་བྱུང་གི་དབུ་ཁྲིད་ཅིག་ཀྱང་ཆགས་ཡོད། ང་ཚོས་སྐུ་ཉིད་མཆོག་ལ་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།
བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་ལ་བྷ་རཏ་རཱཏ་ན་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འདྲི་ཞུས་པ།
གསར་གནས།
འབྲེལ་གནས།