༢༠༡༤ ཟླ་ ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཉིན་ཤས་མཛད་འཆར་ཡོད་པ་དང་། དེ་རྗེས་འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། ཨི་ཊ་ལིའི་རྒྱལ་ས་རོམ་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་དེ་རིང་ཞུགས་སྒར་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསྐྱལ་ཞུས་འདུག སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༢ ཚེས་ ༡༠ ཉིན་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དམིགས་བསལ་ཞིག་བཀའ་ཤག་གིས་གོ་སྒྲིག་ཞུ་རྒྱུ་ཡིན་པའི་མཛད་སྒོའི་གཙོ་མགོན་དུ་ཆིབས་སྒྱུར་བསྐྱངས་ནས་ཉིན་དེར་ཧི་མཱ་ལ་ཡའི་དུས་སྟོན་དབུ་འབྱེད་མཛད་འཆར་ཡོད་ཀྱང་། གཡོལ་ཐབས་མེད་པའི་གོང་གསལ་མཛད་འཆར་ལ་བརྟེན་མཛད་སྒོར་ཆིབས་སྒྱུར་བསྐྱང་ཐུབ་མེད།