༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །བོད་གཞུང་དབུས་སྣེ་ལེན་འབྲེལ་མཐུད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་ནས་གསར་དུ་འབྱོར་བ་དམན་བུ་དགའ་དབྱངས་འཛོམས་རང་ལོ་ ༢༩ དང་ཕ་ཡུལ་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་སྔ་སྡེ། ནང་ཆེན་རྫོང་། རྫ་རྗེ་ཤོག་ཁག ཆབ་སྡོད་ད་དུད། ཀུ་རུ་ཁག་ནས་ཡིན་པ་དང་ཁོ་མོ་ཕྱི་ལོ་ ༢༠༠༧ ལོར་ནད་གཞི་ན་འགོ་ཚུགས་སྟེེ་བོད་དུ་རྒྱ་བོད་གཉིས་ཀྱི་སྨན་པར་བསྟེན་གཏུགས་བྱས་ཀྱང་དྲག་སྐྱེད་རྩ་བ་ནས་མ་བྱུང་བ་མ་ཟད། ན་ཚ་ཇེ་སྡུག་ཏུ་ཕྱིན་ཏེ་མཐར་མཚོ་སྔོན་ཞིང་ཆེན་སྨན་ཁང་ནང་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་མཁལ་མ་གཉིས་ཀ་འཕྲོ་བརླག་ཕྱིན་པ་ཤེས་རྟོགས་བྱུང་སྟེ་ད་ལྟའི་སྐབས་འཆི་གསོན་ཅི་ཡོང་མི་ཤེས་པའི་མཚམས་སུ་གྱར་ཡོད། ཁོ་མོ་བལ་ཡུལ་སྣེ་ལེན་ཁང་ནས་ལྡི་ལི་སྣེ་ལེན་ཁང་དུ་འབྱོར་ཡོད་པ་མ་ཟད། ད་ལྟ་ལྡི་ལི་ (St. Stephen`s Hospital) སྨན་ཁང་ནང་སྨན་གཏུགས་བྱེད་བཞིན་ཡོད། ཁོ་མོའི་བུ་ཕྲུག་བོད་དུ་ལུས་ཡོད་རྐྱེན་ཁོ་མོར་ལུས་སེམས་གཉིས་ལ་སྡུག་བསྔལ་གྱིས་མནར་བཞིན་ཡོད་པའི་ཁར་ཛ་དྲག་གི་གནས་སྟངས་འོག་ཡོད་པར་བརྟེན་ཁོ་མོ་སྲོག་སྐྱོབ་ཆེད་གཞན་ཕན་གྱི་སྙིང་རྗེའི་དྲི་བསུང་ཕྱོགས་བཅུར་ཁྱབ་པའི་རང་རིགས་སེར་སྐྱ་མི་མང་རྣམས་ནས་ཁོ་མོར་མཁལ་མ་གཅིག་སབྱིན་པ་གནང་རྒྱུའི་འབོད་སྐུལ་ནན་ཞུ་དང་།
མཁལ་མ་སབྱིན་པ་གནང་མཁན་ལ་ཁྲག (O Positive) དགོས་གལ་འདུག མཁལ་མ་སབྱིན་པ་གནང་མཁན་ལ་དགོས་གལ་སྨན་བཅོས་སོགས་སྣེ་ལེན་ཁང་ནས་དམ་དོན་ཞུ་འཐུས་ཆོག་པ་ཞུ། གལ་ཏེ་མཁལ་མ་སབྱིན་གཏོང་གནང་བློ་ཡོད་ཚེ་གཤམ་གསལ་སྣེ་ལེན་ཁང་གི་ཁ་བྱང་ཐོག་འབྲེལ་བ་གནང་རོགས། རྡ་ས་དབུས་སྣེ་ལེན་ཁང་འབྲེལ་མཐུད་ཁང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༡ ཉིན།ལྡི་ལི་སྣེ་ལེན་ཁང་གི་ཁ་བྱང་།
Delhi Reception Centre
Tibetan Refugee Dharamsala
House No. 40 Tara Devi Colony
Ladakh Bodh Vihar, Bela Road Delhi-54
Phone no. 01123 976341
དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཁ་བྱང་།
Office of the Reception Centre
Central Tibetan Administration
of His Holiness the Dalai Lama
P.O Mcloed Ganj,Dharamsala
Distt kangra, 176219 HP
Phone no. 01892 220077