༢༠༡༤ ཟླ་ ༨ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕ་རན་སི་གྲོས་ཚོགས་ཀྱི་འཐུས་མི་དང་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཨེན་ཌེ་རི་གྷ་ཊོ་ལིན་(André Gattolin) མཆོག་དང་ནོ་ཨིལ་མ་མེ་རི་(Noel Mamere) མཆོག་རྣམ་གཉིས་ཀྱིས། ཚད་ལས་འགལ་མི་རུང་། (enough is enough) ཞེས་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བ་བརྒྱུད། ཕ་རན་སི་རྒྱལ་ཁབ་ཀྱིས་ཚོང་གི་ཁེ་ཕན་ཆེད་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་སོགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ལ་སྣང་མེད་བཏང་བ་དེ་མཚམས་འཇོག་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་དང་དེའི་འོག་དཀའ་སྡུག་མྱོང་མཁན་བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་ཕ་རན་སི་གཞུང་གིས་འབད་བརྩོན་དང་མཐུན་འགྱུར་གནང་དགོས་སྐོར་གསུངས་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༤ ཉིན་ཕ་རན་སིའི་ལེ་ནོ་བེལ་ཨོབ་སར་ཝེ་ཊོ་རེ་(Le Nouvel Observ
ateur) ཞེས་པའི་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་གནས་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ཀྱི་དཔྱད་རྩོམ་འདོན་སྤེལ་གནང་བའི་ནང་། ཕ་རན
་སི་གཞུང་གི་རྒྱ་ནག་དང་ལྷན་
ཚོང་འབྲེལ་ཤུགས་ཆེ་རུ་གཏོང་ཕྱོགས་དང་འབྲེལ་མ་འོངས་པར་ཕ་རན་སིའི་རྒྱལ་ཁབ་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྲིད་པ་དང་། ཕ་རན་སི་གཞུང་གི་ངོས་ནས་ཚོང་འབྲེལ་ཆེད་རྒྱ་ནག་གཞུང་ལ་ཚད་ལས་བརྒལ་བའི་ཆེ་མཐོང་དང་སྣེ་ལེན་བྱེད་ཀྱི་ཡོད་པ་མ་ཟད། ལོ་རྒྱུས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཕ་རན་སི་རྒྱལ་ཁབ་གཅིག་གིས་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ལ་དེ་ཙམ་གྱི་ཆེ་མཐོང་གནང་བཞིན་པ་དེ་འོས་འཚམ་མེད་སྐོར་སྐྱོན་བརྗོད་དང་ཆབས་ཅིག དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་སྐོར་བཀོད་འདུག ཕ་རན་སི་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལངས་ཕྱོགས་བརྟན་པོ་ཡོད་པ་གསལ་སྟོན་ཆེད། ཡུ་རོབ་མཐུན་ཚོགས་དང་ལྷན་ནུས་པ་མཉམ་རུབ་ཐོག་རྒྱ་ནག་ལ་བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་དང་མཉམ་དོན་དམ་གྱི་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲད་དགོས་པའི་དགོས་འདུན་བཏོན་འདུག