༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ དང་ཚེས་ ༧ ཉིན་གཉིས་རིང་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༤།༧།༥ ཉིན་སྔ་དྲོ་སྤོན་ཊར་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་དང་དེ་བཞིན་ས་གནས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་ལྟར་ཉ་ཆེ་བ་གྲངས་ ༡༣༠ སྤོན་ཊ་ཉེ་འགྲམ་མཚོའི་ནང་སྲོག་བླུ་བཏང་། དེ་རྗེས་ས་གནས་འགོ་འཛིན་དང་རང་བདེན་ཚོགས་གཙོ་རྣམ་གཉིས་ནས་སྤོན་ཊར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་། ཨེས་ཌི་ཨེམ། གཙོས་གནད་ཡོད་དཔོན་རིགས་ཁག་དང་། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་ཀུམ་རའོ་དང་ཀྰ་ཕོ་ཊ་བཅས་ཀྱི་འབྲེལ་ཆགས་རྒྱ་གར་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པ། དངུལ་ཁང་འགན་འཛིན། གྲོང་གསེབ་ཁག་བཞིའི་འགོ་བ་རྣམས་ལ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་རྟེན་འབྲེལ་མཚོན་ཆེད་དང་རྒྱ་གར་གཞུང་མང་གཉིས་ལ་བཀྲིན་རྗེས་དྲན་ཞུ་སླད་མཇལ་དར་དང་མངར་ཟས་ཕུལ།
ཕྱི་ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་དངོས་གཞི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པ་ཙམ་ལ་གཞིས་མི་སོ་སོའི་སྡོད་ཁང་ཉེ་འགྲམ་མམ་ཚལ་ཞིང་དང་ལས་ཤག་གི་གཡས་གཡོན་སོགས་སུ་སྐུའི་འཁྲུངས་སྐར་རྟེན་མཚོན་དང་ས་གནས་ཀྱི་བཀྲིན་རྗེས་དྲན་ལས་རིམ་ནང་གསལ་ལྟར་འབྲས་ལྡན་ཤིང་སྡོང་གྲངས་ ༡༡༠ གསར་འཛུགས་ཞུས། ཆུ་ཚོད་ ༨ པའི་ཐོག་སེར་སྐྱ་འགོ་མང་རྣམས་རང་ལུགས་ཆས་གོས་གཟབ་མཆོར་དང་བཅས་གཞིས་ཆགས་ཀྱི་བརྟེན་ཁང་དུ་ལྷན་འཛོམས་ཀྱིས་༸སྐུ་ཁམས་དང་བསྟུན་རླུང་རྟ་དར་འཛུགས་ཞུས་རྗེས་བོད་སྐྱོང་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་དང་བསང་གསོལ་གཟབ་རྒྱས་ཞུས། ཆུ་ཚོད་ ༩།༣༠ ཐོག་བརྩེ་ཆེན་བསམ་འགྲུབ་གླིང་དུ་འདུ་ཚོགས་ཀྱིས་༸རྒྱལ་བའི་ཞབས་བརྟན་སོགས་གསུང་འདོན་གནང་།
དེ་ནས་མ་ཎི་གསུང་འདོན་དང་འབྲེལ་ས་གནས་འགོ་འཛིན་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རིམ་བཞིན་དགེ་འདུན་པ་རྣམས་དང་། སྤྱི་ཟུར་རྣམ་པ། ས་འཐུས་ཚོགས་གཙོས་དབུས་ལས་སྣེ་རྣམས་དང། མང་ཚོགས་བཅས་ནས་བཞུགས་ཁྲིར་མཇལ་ཁ་ཞུས། དེ་རྗེས་ས་གནས་འགོ་འཛིན་དངོས་གྲུབ་འོད་ཟེར་ལགས་ཀྱིས་འཚམས་ཞུ་དང་དུས་ཆེན་ངོ་སྤྲོད་སྙིང་བསྡུས་གནང་སྟེ་དཔལ་ལྡན་བཀའ་ཤག་གི་གསུང་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས་གྲུབ་མཚམས། ཀུམ་རའོ་ས་གནས་འགོ་མང་ཡོངས་ནས་ལོ་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུ་སླད་མང་ཚོགས་རྣམས་དང་གྲོས་མཐུན་བྱུང་བའི་ལས་རིམ་ཁག་དྲུག་ལག་བསྟར་གནང་རྒྱུའི་གསལ་བསྒྲགས་ཞུས་པ་རྣམས་གཤམ་གསལ།
༡། ཁོར་ཡུག་སྲུང་སྐྱོབས་སླད་གཞིས་ཆགས་ནང་འབྲས་ལྡན་ཤིང་སྡོང་གང་མང་འདེབས་འཛུཌ་ཞུ་རྒྱུ་དང་།
༢། རེས་གཟའ་ལྷག་པ་ནམ་ཡིན་ལ་བསང་གསོལ་དང་སྐུ་ཕྱྭའི་ཞབས་རིམ་ཁག་འབད་སྒྲུབ་གནང་རྒྱུ།
༣། སྲོག་ཆགས་གང་མང་སྲོག་བླུ་གཏོང་རྒྱུ།
༤། རང་རིཌ་དང་རྒྱ་གར་ཡུལ་མི་ཉམ་ཐག་རོཌ་བསྐྱོར་དགོས་ངེས་ཅན་རིཌ་ལ་རོཌ་བསྐྱོར་གང་ཐུབ་ཞུ་རྒྱུ།
༥། དོལ་རྒྱལ་ཚོགས་པ་ནས་བར་ལམ་ནས་༸གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་འགོག་རྐྱེན་བཟོ་བཞིན་
ཡོད་པར་ཚང་མ་བློ་འཚབ་དང་སྦྲགས་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་རིགས་གནང་རྒྱུ་མིན་པ་དེ་
སྔོན་དམ་འཇོག་ཟིན་པས་ཁར་ཡང་བསྐྱར་དོ་ནན་གྱིས་བསྟན་གསོལ་གནང་རྒྱུ་མིན་པ་དང་ལྷག་པར་དེ་
འབྲེལ་གྱི་དངུལ་དངོས་མགོ་སྐོར་བསླུ་བྲིད་འོག་མ་ཚུད་པ་ཡིད་གཟབ་གནང་རྒྱུ་གནང་།
༦། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྩི་བཀུར་དང་ཤར་བསྐྱོར་ཞུ་རྒྱུ་བཅས་ད་ནས་ལག་བསྟར་གནང་རྒྱུ།
དེ་བཞིན་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀྲིན་རྗེས་དྲན་མཚོན་སླད་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་སྩལ་ལྟར་ཤར་བསྐྱོད་ཐུབ་པ་གནང་རྒྱུ་གལ་ཆེ་ཡིན་པའི་སྐོར་བཅས་ཚོགས་ཐོག་ཞུས།
༥༽ ས་འཐུས་ཚོགས་གཙོ་སྐུ་ཞབས་ངག་དབང་བློ་གྲོས་ལགས་ཀྱིས་འཚམས་ཞུ་དང་སྦྲགས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཆེན་དང་འབྲེལ་བའི་གསུང་བཤད་མང་ཚོགས་ལ་སྒྲོགས་སྦྱང་གནང་།
༦༽ ས་གནས་རང་བདེན་ཚོགས་གཙོ་སྐུ་ཞབས་བཀྲིས་དོན་གྲུབ་ལགས་ཀྱིས་ཐོག་མ་འཚམས་ཞུ་དང་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་ཞུ་དགོས་པ། དེ་རྗེས་ཚང་མ་ཚང་འཛོམས་གང་ལེགས་པྱུང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་དངོས་གཞི་གྲོལ།